འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི“གློག་གི་འོད་སྣང་བོད་རིགས་ས་ཁུལ་དུ་འཕྲོ་བའི”ལས་གྲྭ་བསྐྲུན་ཟིན་པ།

    གློག་ཤུགས་བཟོ་པ་ཁྲི་ལྔ་ལ་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་སི་ཁྲོན་ཞིང་ཆེན་གྱི“གློག་གི་འོད་སྣང་བོད་རིགས་ས་ཁུལ་དུ་འཕྲོ་བའི”ལས་གྲྭའི་ངལ་རྩོལ་རྩལ་འགྲན་གྱི་བྱ་དགའ་སྤྲོད་པའི་འདུ་ཚོགས་ཁྲེང་ཏུར་གཉེར་ཞིང་། སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བོད་རིགས་ས་ཁུལ་དུ་གློག་དྲ་སྐྲུན་རིང་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་སྤྲད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “གློག་གི་འོད་སྣང་བོད་རིགས་ས་ཁུལ་དུ་འཕྲོ་བའི”ལས་གྲྭ་དེ་2011ལོར་དངོས་སུ་འགོ་བཙུགས་ཏེ་ལོ་ལྔ་སོང་ནས་འདི་ལོ་ལས་འགན་ཡོངས་སུ་བསྒྲུབ་རྒྱུ་ཡིན་ཞིང་། ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་283བཏང་སྟེ་ར་རྔ་ཁ་ནས་དཀར་མཛེས་དང་། དེ་ནས་རྫ་སེར་ཤུལ་བར་གྱི་གློག་དྲ་དང་། སི་ཁྲོན་ནས་བོད་བར་གྱི་གློག་དྲ། དཀར་མཛེས་ཀྱི“གློག་ཤུགས་མཁའ་ལམ” ཆུ་གློག་ཕྱིར་གཏོང་། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་སོགས་གློག་དྲའི་ལས་གྲྭ་གལ་ཆེན་རབ་དང་རིམ་པ་སྔ་རྗེས་སུ་བསྐྲུན་པས་རིམ་ཁག་གློག་དྲའི་གཞི་ཁྱོན་ལྡབ་འཕར་བྱུང་སྟེ་གློག་ཤུགས་སྒྲིག་ཆས་དང་། གློག་གཏོང་། གློག་བརྟན་པོ་བཅས་ཧ་ཅང་ཡག་ཏུ་སོང་ནས་བོད་རིགས་ས་ཁུལ་གྱི་དུད་ཁྱིམ་ཁྲི་8.19དང་གློག་མེད་པའི་ས་ཁུལ་གྱི་མི་འབོར་ཁྲི་36.84ལ་གློག་གཏོང་ཐུབ་ནས་སི་ཁྲོན་གྱི་བོད་རིགས་ས་ཁུལ་དུ་ཡུན་རིང་གློག་དཀོན་པའི་དཀའ་ངལ་རྦད་དེ་བསལ་ཐུབ་པ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།