འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སུ་ཡུལ་སྐོར་བྱེད་མཁན་རིམ་བཞིན་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གངས་ལྗོངས་ས་མཐོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་དུས་མཚུངས་ཡུལ་སྐོར་ཁྲོམ་ར་ཡང་རིམ་བཞིན་འཁྲུག་ཏུ་སོང་ཞིང་། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། གནམ་མཚོ་སོགས་འཁྲུག་ཆ་དོད་པའི་མཛེས་་ཁུལ་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མཐོང་རྒྱུ་ཡོད་པ་རེད།
         ཡུལ་སྐོར་བ་མང་བའི་དུས་ཚིགས་བསུ་ཆེད། བོད་ལྗོངས་ཡུལ་སྐོར་ལས་དོན་ཁང་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཉིང་ཁྲི་ནས་ལྷོ་ཁ་སྐོར་བའི་ཉིན་གསུམ་གྱི་ཡུལ་སྐོར་ལམ་ཐིག་དང་། བྲག་གསུམ་མཚོ་སྐོར་བའི་ཡུལ་སྐོར། མངའ་རིས་ཀྱི་གངས་རིན་པོ་ཆེ་སྐོར་བའི་ཡུལ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་མང་པོ་བཏོད་པར་བརྟེན་ཡུལ་སྐོར་བ་མང་པོ་ཞིག་གིས་ཡུལ་ལྗོངས་དེ་དག་མྱོང་རོལ་ཐུབ་པ་བྱུང་ཡོད།
         བོད་ལྗོངས་གནས་མཆོག་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གི་རྒྱལ་ནང་པུའི་ཅིང་ལི་ཀེ་ལེའང་གིས“འདི་ལོ་ང་ཚོས་ཉང་ཆུའི་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་དང་བྲག་གསུམ་མཚོ་སྐོར་བ་སོགས་ཀྱི་རྩེར་སོན་ཡུལ་སྐོར་ལམ་ཐིག་བཏོད་ཡོད། ཡུལ་སྐོར་ལམ་ཐིག་དེ་དག་བརྒྱུད་ཡུལ་སྐོར་བས་བོད་ཤར་རྒྱུད་ཀྱི་ཉིང་ཁྲིར་བསྐྱོད་དེ་དེ་གའི་ཞིམ་མངར་རྡོ་ཁོག་བྱ་ཤའི་བྲོ་བ་མྱོང་ཆོག་ལ་སྟག་མ་མེ་ཏོག་གི་མཛེས་སྡུག་ལ་ཡང་ལྟ་ཆོག”ཅེས་བཤད།
         ཉིན་ཤས་གོང་གསར་འགོད་པ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཐོག་བསྐྱོད་སྐབས་ཡུལ་སྐོར་བ་ཁག་གཅིག་དགའ་སྤྲོའི་ངང་དྲན་རྟེན་པར་རྒྱག་བཞིན་འདུག་ལ། གཙུག་ལག་ཁང་གི་སྒོ་རྩ་དང་བར་སྐོར་ཁྲོམ་གཞུང་དུ་ཡང་ཡུལ་སྐོར་བ་མང་པོ་ཡོད་པ་དང་། ཡུལ་སྐོར་ལས་དོན་ཁང་ཁག་ཏུ་ཡང་ཇུས་འདྲི་བྱེད་མཁན་གྱི་ཡུལ་སྐོར་བ་མང་པོ་ཡོད་པ་མཐོང་བྱུང་།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་བོད་དུ་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱུང་ཞིང་། རིམ་རྩིས་བྱས་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་46.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་26.1%འཕར་བའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་1934ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས15.4%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་5.19བྱུང་བ་དེ་དུས་མཚུངས་ལས་38.4%འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།