འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཁུལ་གྱི་རྫོང་ཁག་གིས་རྒྱལ་ཡོངས་དབང་སྐྱོན་རོགས་རམ་ཉིན་མོར་འཚམས་
    འདྲི་སོགས་ཀྱི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་5ཚེས་17ཉིན་ནི་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་རམ་ཉིན་མོ་ཡིན་པ་དང་སི་ཁྲོན་རྔ་པ་ཀྲོའུ་ཡི་རྫོང་ཁག་གིས་རྒྱལ་ཡོངས་དབང་སྐྱོན་རོགས་རམ་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།
         ཟླ་5ཚེས་14ནས་17ཉིན་བར་ཁྱུང་མཆུ་རྫོང་གི་འབྲེལ་ཡོད་སྡེ་ཚན་རྫོང་ཁོངས་ཀྱི་ཤང་དང་གྲོང་རྡལ་དུ་བསྐྱོད་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དབང་པོ་སྐྱོན་ཅན་ལ་གཟིགས་པ་དང་འཚམས་འདྲི་བྱས་པ་རེད། ད་རེས་ཀྱི་འཚམས་འདྲི་བྱེད་སྒོའི་ནང་རོགས་དངུལ་སྒོར་76000སྤྲད་ཅིང་། དེའི་ནང་དབང་པོ་སྐྱོན་ཅན་55ལ་བབ་བསྟུན་ལས་ཞུགས་རོགས་དངུལ་སྒོར་55000སྤྲད་པ་དང་། ཉི་འོད་ཁྱིམ་གཞིས་འཆར་གཞིའི་མི་གྲངས་35ལ་ཉི་འོད་ཁྱིམ་གཞིས་འཆར་གཞིའི་གྲོན་དངུལ་སྒོར་21000སྤྲད་པ་རེད།
         ཟླ་5ཚེས་17ཉིན་བཙན་ལྷ་རྫོང་གིས“དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་དང་སེམས་ཁུར་བྱས་ནས་མཛེས་སྡུག་ཡིད་དུ་འོང་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད”ཅེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་དབང་སྐྱོན་རོགས་རམ་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོའི་ནང་དབང་པོ་སྐྱོན་ཅན་ལ་འོས་འགན་བརྟག་བཅོས་དང་། དབང་པོ་སྐྱོན་ཅན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་རི་མོའི་བརྩམས་ཆོས་འོས་འཚོང་། དམིགས་བསལ་དཔེ་ཁྲིད་སློབ་གྲྭའི་སློབ་མའི་གྲུབ་འབྲས་འགྲེམས་སྟོན་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།