འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་ཞུགས“ཐད་གཏོང་རླངས་འཁོར”གེགས་ཁུལ་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། བསམ་གྲུབ་རྩེ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། གཉའ་ལམ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ཀྱིས་ཁེ་ལས་52དང་མཉམ་འབྲེལ་བྱས་ཏེ་བསམ་གྲུབ་རྩེའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་ནས་གནོད་འཚེ་ཕོག་པའི་རྒྱ་ཆེའི་མང་ཚོགས་ལ་སེམས་ཁྲལ་སེལ་བའི་ཞབས་ཞུ་བྱས་པ་རེད།
         “4·25”ས་ཡོམ་བརྒྱབ་རྗེས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་6000ཙམ་རང་ཡུལ་ནས་བྲལ་ཏེ་བསམ་གྲུབ་རྩེ་ཆུས་སུ་གནས་སྤོ་བཀོད་སྒྲིག་བྱས། རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་མི་ལ་བརྩེ་སེམས་ལྡན། རང་བྱུང་གནོད་འཚེར་སྙིང་རྗེ་མེད་ཀྱང་ཏང་དང་སྲིད་གཞུང་ལ་བརྩེ་སེམས་ལྡན། “གེགས་ཁུལ་གྱི་མང་ཚོགས་རྣམས་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱས་ནས་འཚོ་བར་སླར་ཡང་སེམས་ཤུགས་བསྐྱེད་ཆེད་ཕྱོགས་ཁག་གི་རྒྱབ་སྐྱོར་དང་ཐུགས་ཁུར་འོག་ཚེས་22ཉིན་ཆེད་དོན་གདན་ཞུའི་ཚོཌ་འདུ་འཚོགས་ནས་གེགས་ཁུལ་གྱི་མང་ཚོགས་ལ་ལས་གནས་སྣ་ཚོགས་མཁོ་འདོན་བྱས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་ཚེ་བརྟན་གྱིས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུར་ཞུགས་མཁན་གཞུང་ཁོངས་ཁེ་ལས་དང་། གཞུང་ཁོངས་མིན་པའི་ཁེ་ལས། སྒེར་གཉེར་ཁེ་ལས། ཁེར་རྐྱང་ཚོང་དུད་སོགས་མི་སྤྱོད་ཚན་པ་52ཀྱིས་ལས་གནས་650མཁོ་འདོན་བྱས་པའི་ནང་མ་བྱན་དང་། ཞབས་ཞུ་བ། ཕྱིར་ཚོང་པ། འདོན་འཇུག་འཕྲུལ་འཁོར་གཏོང་མཁན། ཁང་པ་མཛེས་བཟོ་བྱེད་མཁན་སོགས་ལས་སྣ་20ལྷག་ཙམ་ཚུད་ཡོད།
         རྡོ་རྗེ་ཚེ་བརྟན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གེགས་ཁུལ་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་ཆེར་བཏང་ནས་གྱོང་གུན་ཉུང་དུ་གཏོང་ཆེད། གཞིས་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་ཟླ་5ཚེས་18ཉིན་ནས་བཟུང་གེགས་ཁུལ་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་ཆེད་དོན་གདན་ཞུའི་འཆར་གཞི་བཟོས་པ་མ་ཟད། བཀོད་སྒྲིག་བྱ་ཡུལ་གྱི་གུར་སོ་སོའི་ནང་བསྐྱོད་དེ་ཁེ་ལས་ཀྱི་གདན་ཞུའི་ཆ་འཕྲིན་གེགས་ཁུལ་མང་ཚོགས་ལ་སྤྲད་ནས་མང་ཚོགས་ཚོར་སྔོན་ཚུད་ནས་ལས་ཞུགས་ཀྱི་གནས་ཚུལ་ཤེས་སུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།