འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ལྔའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཆེད་ལས་མཉམ་ལས་ཁང་ལྡབ་3.4འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ཤར་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། ན་ནིང་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་བཟོ་ཚོང་སྡེ་ཚན་དང་ཞིང་འབྲོག་སྡེ་ཚན་དུ་ཐོ་འགོད་བྱས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་6719ཟིན་པ་དེ་2010ལོའི་ལོ་མཇུག་གི་1921ལས་ལྡབ་3.4འཕར་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་སྲིད་ཇུས་ཐོག་ནས་འདེགས་སྐྱོར་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རབ་དང་རིམ་པ་བཏོན་པ་དང་མ་དངུལ་ཐོག་ནས་འདེགས་སྐྱོར་བྱེད་པ་དང་ཆབས་ཅིག སློབ་ཆེན་ཐོན་པའི་གྲོང་དཔོན་གྱིས་སྣེ་འཁྲིད་དེ་མཉམ་ལས་ཁང་འཛུགས་གཉེར་བྱས་ནས་མཉམ་ལས་ཁང་ལ་ཞབས་འདེགས་ཞུས་ཡོད། མིག་སྔར་མཉམ་ལས་ཁང་ནང་ཞུགས་མཁན་ཁོངས་མི་ཁྲི་43ཟིན་པ་དང་ཞིང་དུད་ཁྲི་21གི་སྣེ་འཁྲིད་དེ་མཉམ་ལས་ཁང་ནང་ཞུགས་པའི་ཞིང་འབྲོག་དུད་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་དུད་ཀྱི་གསུམ་ཆ་གཅིག་བཟུང་བ་དང་། ལྷག་དོན་དུ་འབྲོག་ཁུལ་གྱི་འབྲོག་ལས་རྐྱང་པའི་གྲོང་ཚོ་883ཚང་མར་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་ཁྱབ་ཐུབ་པ་བྱུང་ནས་མཉམ་ལས་ཁང་དེ་ཉིད་དེང་རབས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་གཙོ་གཟུགས་གསར་པར་འགྱུར་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཚན་ལྡན་ཅན་འཛུགས་སྐྱོང་དེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཨང་དང་པོར་བརྩིས་ནས་མཉམ་ལས་ཁང་གི་སྣེ་ཁྲིད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྩིས་ཡོད། མཉམ་ལས་ཁང་གི་སྣེ་ཁྲིད་པ་གསོ་སྐྱོང་ཤུགས་ཆེན་གྱིས་སློབ་ཆེན་ཐོན་པའི་གྲོང་དཔོན་200ཡིས་མཉམ་ལས་ཁང་འཛུགས་གཉེར་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ་དང་ནོར་ཁྲལ་དང་ས་ཞིང་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མཐོ་སློབ་སློབ་ཐོན་སློབ་མ་མཉམ་ལས་ཁང་དུ་ལས་གཏོད་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད། གཞན་ཡང་ཁྲོམ་ར་ཁྲིད་ཕྱོགས་སུ་བྱས་ཏེ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་རྣམ་པ་རིམ་བཞིན་གཏོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།