འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་རུ་ཉིན་ཤས་བསྟུད་མར་ཚ་བ་ཆེན་པོ་བྱུང་བས་མངའ་སྡེ་གཉིས་ཀྱི་མི་500ལྷག་ཤི་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་27ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧིན་རྡུ་རུ་ཉིན་ཤས་བསྟུད་མར་ཚ་བ་ཆེན་པོ་བྱུང་བས་མངའ་སྡེ་གཉིས་ཀྱི་མི་500ལྷག་ཤི་བ།
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་ཧིན་རྡུ་རུ་ཚ་བ་ཆེན་པོ་བྱུང་བས་མིའི་ཚེ་སྲོག་ཀྱང་ཤོར་བཞིན་ཡོད་པ་རེད། ཟླ་5ཚེས་24ཉིན་བར་གྱི་ཚ་བ་ཆེན་པོའི་རིང་། ཧིན་རྡུ་རྒྱལ་ཁབ་ཀྱི་མངའ་སྡེ་ཆེ་ཤོས་གཉིས་སུ་མི་500ཙམ་ཤི་བས། འབྲེལ་ཡོད་སྡེ་ཁག་གིས་མཁོ་བསྟུན་བྱེད་ཐབས་ལག་བསྟར་བྱེད་བཞིན་ཡོད་པ་རེད།
         ཉེ་བའི་གཟའ་འཁོར་གཅིག་གི་ནང་། ཚ་བ་ཆེ་བའི་གནས་གཤིས་དེ་ཧིན་རྡུ་རྒྱལ་ཁབ་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཡུན་རིང་བྱུང་བ་དང་། ཧིན་རྡུའི་ལྷོ་ཕྱོགས་ཀྱི་མངའ་སྡེ་ཐེ་ལོན་ཀན་ན་རུ་དྲོད་ཚད་ནི་ཏུའུ་45ཟིན་ཡོད། ད་དུང་ས་ཁུལ་མང་པོ་ཞིག་ཏུ་དྲོད་ཚད་ཏུའུ་46ཟིན་ཞིང་། རྒྱལ་ས་རྡི་ལི་གསར་པར་ཡང་དྲོད་ཚད་ཏུའུ་45ལ་ཟིན་འདུག 
         ཧིན་རྡུ་དུས་བབ་གསར་འགྱུར་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་5ཚེས་24ཉིན། མངའ་སྡེ་ཨན་ཏེ་ལ་དང་ཐེ་ལོན་ཀན་ན་གཉིས་སུ་མི་165ཚ་བས་ཤི་བ་དང་། ཟླ་ལྔ་པ་འཆར་བ་ནས་བཟུང་། མངའ་སྡེ་འདི་གཉིས་ནས་ཚ་བའི་དབང་གིས་ཤི་བའི་མི་500ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།