འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་ཁྱུང་མཆུ་རུ་དེང་རབས་རྩྭ་ཐང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་
    གསོ་སྦྱོང་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་24ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་སི་ཁྲོན་རྔ་པ་ཁྱུང་མཆུ་རྫོང་དུ་2015ལོའི་ལོ་འཁོར་གྱི་དེང་རབས་རྩྭ་ཐང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་དེ་རྫོང་དེའི་ཞིང་ལས་འབྲོག་ལས་དང་ཆུ་དོན་ཅུས་སུ་གཉེར་འགོ་ཚུགས་པ་རེད། སྦྱོང་བརྡར་དུས་ཡུན་ཉིན་གསུམ་ཡིན་པ་དང་ཁྱུང་མཆུ་རྫོང་གི་ཤང་དང་གྲོང་རྡལ་ཁག་གི་འབྲོག་ལས་ཁག་བགོས་འགན་འཁུར་མི་སྣ་དང་། སྣོད་བཅུད་ཁ་གསབ་བྱ་དགའི་གཉེར་སྐྱོང་མི་སྣ། གྲོང་ཚོ་ཨུ་ལྷན་ཁག་གི་འགན་འཁུར་མི་སྣ་བཅས་ཁྱོན་མི་40ལྷག་ཙམ་ད་ཐེངས་ཀྱི་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད།
         སྦྱོང་བརྡར་གྱི་ནང་དོན་དུ་དྲོད་ཁང་དང་ཁྱིམ་ཚང་འབྲོག་རའི་ཨར་ལས་ཇུས་འགོད་གསལ་འགྲེལ་དང་། འབྲོག་ལས་རྣམ་གྲངས་ནང་གི་ལས་རིགས་དཔྱད་གཞིའི་ཡིག་རིགས་དང་། འཚོལ་བསྡུ། ལེགས་བཅོས། ཡིག་ཚགས་སུ་ཉར་རྒྱུ་བཅས་དང་། འབྲོག་ལས་ཐོན་སྐྱེད་རང་བཞིན་གྱི་འགྲོ་ལམ་འཛུགས་སྐྲུན་གྱི་ལག་རྩལ་ཐད་ཀྱི་བླང་བྱ་དང་འབྲོག་ལས་ཐོན་སྐྱེད་རང་བཞིན་གྱི་འགྲོ་ལམ་འཛུགས་སྐྲུན་གྱི་གཞི་རྩའི་བརྒྱུད་རིམ། རྩྭ་ཐང་བཅའ་ཁྲིམས་དང་རྩྭ་ཐང་བཟུང་སྤྱོད་ཀྱི་བརྒྱུད་རིམ། རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་ལག་རྩལ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་གོ་རིམ་དང་སྲིད་ཇུས། མཉམ་ལས་ཁང་ཚད་ལྡན་དང་མཐོར་གཏོང་བཅས་ཀྱི་ནང་དོན་ཁག་བདུན་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།