འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འགྲམ་གེགས་ཁུལ་གྱི་མང་ཚོགས་ཀྱི་རྒྱུ་ནོར་དབོར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་24ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་འགྲམ་གེགས་ཁུལ་གྱི་མང་ཚོགས་ཀྱི་རྒྱུ་ནོར་དབོར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་དྲག་ཆས་ཉེན་རྟོག་དང་མེ་ཟོན་འཐབ་འཛིང་པས་བོད་ལྗོངས་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུ་ནོར་དབོར་རོགས་བྱས་པ་རེད།
         ཉིན་དེར་བོད་ལྗོངས་དམག་ཁུལ་ཁང་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གིས་སྐྱེལ་འདྲེན་རླངས་འཁོར་22མངགས་གཏོང་བྱས་ཏེ་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་དུད་ཚང་70ཡི་རྒྱུ་ནོར་སྤོ་འགོ་ཚུགས་པ་དང་། རྒྱུ་ནོར་དེ་དག་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་དུ་དབོར་རྒྱུ་རེད། དེ་ནི་ས་ཡོམ་བརྒྱབ་རྗེས་ཟླ་གཅིག་ཙམ་སོང་རིང་གནས་སྤོ་བྱས་པའི་མང་ཚོགས་ཀྱིས་རང་ཁྱིམ་དུ་ལོག་ནས་རྒྱུ་དངོས་གཙང་བཤེར་བྱེད་ཐེངས་དང་པོ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་སྲིད་གཞུང་གིས་གནས་སྤོ་བྱས་པའི་མང་ཚོགས་ཀྱི་རྒྱུ་དངོས་བཀོད་སྒྲིག་བྱ་ཡུལ་དུ་དབོར་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན། མང་ཚོགས་དུད་ཚང་སྟོང་ལ་ཉེ་བའི་རྒྱུ་ནོར་དེ་དག་གཟའ་འཁོར་གཅིག་ནང་ཚུན་དུ་དབོར་ཟིན་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།