འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཁུ་ནུའི་གཡང་ཏྲི་ཐོན་ཡུལ་གཙོ་བོར་རྣམ་གྲངས་གསར་པ་བཙུགས་ནས་འཛམ་
    གླིང་རྩེར་སོན་རིམ་པའི་ཡུལ་སྐོར་དར་ཁུལ་གྱི་ནང་དོན་ཕུན་
    སུམ་ཚོགས་སུ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་18ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མཚོ་སྔོན་གྱི་ཁུ་ནུའི་གཡང་ཏྲི་ཐོན་ཁུལ་གཙོ་བོ་གོར་མོ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་16173བཏང་ནས་གཙོ་གནད་ཐོག་ཡུལ་སྐོར་རྣམ་གྲངས་ཁག་8ལག་ལེན་བསྟར་རྒྱུ་དང་དེའི་ནང་རྣམ་གྲངས་གསར་པ་2བསྐྲུན་ནས་མཚོ་བོད་ལྕགས་ལམ་ལམ་རྒྱུད་ཀྱི་འཛམ་གླིང་རིམ་པའི་ཡུལ་སྐོར་དར་ཁུལ་གྱི་འཛུགས་སྐྲུན་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད།
         གོར་མོ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཙུང་ཤུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གོར་མོ་གྲོང་ཁྱེར་དུ་ཁུ་ནུ་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་དང་། གཡུ་འབྲུག་ལྷ་རྩེའི་རྒྱལ་ཁབ་རི་འཛེག་རུ་ཁག་སྦྱོང་བརྡར་རྟེན་གཞི་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་17ཡོད་པ་རེད། འདི་ལོ་འབྲོང་གྲོག་རོང་མཛེས་ལྗོངས་ཁུལ་འཆར་འགོད་བྱས་ནས་སྦྱར་སྐྱ་ནགས་ཤིང་མཛེས་ལྗོངས་ཁུལ་གྱི་དུས་འགོའི་ཇུས་གཞིར་འཆར་འགོད་བྱ་རྒྱུ་རེད། དེ་ལྟར་བྱས་པས་གོར་མོའི་ཡུལ་སྐོར་དེ་སྔའི་ཁེར་རྐྱང་གི་ལྟ་སྐོར་ནས་རི་འཛེག་ཉུལ་ཞིབ་དང་ཚན་རིག་རྟོག་ཞིབ་སོགས་ཀྱི་ཡུལ་སྐོར་བྱེད་སྟངས་མང་པོར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།