འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པོའི་མཚོ་སྙིང་དུ་བྱ་རིགས་སྤྱན་གཟིགས་དུས་ཚིགས་ཤར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་པོའི་མཚོ་སྙིང་དུ་བྱ་རིགས་སྤྱན་གཟིགས་དུས་ཚིགས་ཤར་བ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་པོའི་མཚོ་སྙིང་ནི་མཚོ་སྔོན་པོའི་ནུབ་ངོས་ཙམ་དུ་ཡོད་ཅིང་། མཚོ་སྙིང་ཐོག་བྱ་རིགས་འབུམ་ཕྲག་ལྷག་ཙམ་ཡོད་པས་མིང་དུ་ཡང་བྱ་ཡི་གླིང་ཕྲན་ཞེས་ཐོགས། ལོ་རེའི་ཟླ་3པ་ནས་4པའི་བར་ནི་བྱ་རིགས་འབྲུམ་ཕྲག་ལྷག་མཚོ་སྙིང་དུ་ཡོང་ནས་ཚང་བཅའ་བ་དང་། བྱ་ཚོགས་མཚོ་སྙིང་གི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་ཡོད་པས། རྣམ་པ་མཛེས་ཤིང་སྡུག་ལ་ཡིད་དུ་འོང་བ་ཞིག་ཏུ་གྱུར་ཡོད།
         མིག་སྔར་མཚོ་སྔོན་པོའི་ཉེ་འགྲམ་དུ་བྱ་རིགས་221ལྷག་ཙམ་ཡོད་ཅིང་། དེའི་ནང་གི་བྱ་རིགས་བཞི་ཡིས་མཚོ་སྙིང་དུ་ཚང་བཅའ་བཞིན་ཡོད་ལ། དེར་སྡོད་བྱ་རིགས་ཀྱི་སྤྱིའི་གྲངས་འབོར་ཁྲི་10ལྷག་ཙམ་ཡོད་པ་རེད།
    ༄༅།།མཚོ་སྔོན་པོའི་མཚོ་སྙིང་དུ་བྱ་རིགས་སྤྱན་གཟིགས་དུས་ཚིགས་ཤར་བ།
    ༄༅།།མཚོ་སྔོན་པོའི་མཚོ་སྙིང་དུ་བྱ་རིགས་སྤྱན་གཟིགས་དུས་ཚིགས་ཤར་བ།
      

    ཕྱོགས་བསྡུས་གསར་འགྱུར།