འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རོང་ཤར་ཤང་གི་གནོད་ཕོག་མང་ཚོགས་བློ་བག་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བ་རིམ་
    བཞིན་བསྐྱར་གསོ་འབྱུང་བཞིན་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རོང་ཤར་ཤང་གི་གནོད་ཕོག་མང་ཚོགས་བློ་བག་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བ་རིམ་
བཞིན་བསྐྱར་གསོ་འབྱུང་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། “4.25”ས་ཡོམ་ཚབས་ཆེན་བྱུང་རྗེས་བོད་རང་སྐྱོང་ལྗོངས་དིང་རི་རྫོང་རོང་ཤར་ཤང་གི་སྲིད་འཛིན་གྲོང་ཚོ་3ལ་གནོད་སྐྱོན་ཚབས་ཆེན་ཕོག་ཅིང་། ས་གནས་ད་གའི་ཏང་ཨུ་སྲིད་གཞུང་དང་། དེར་བཅའ་སྡོད་དམག་དཔུང་དང་མཐའ་སྲུང་དམག་དཔུང་གི་དཔོན་དམག་ཚོས་འཕྲལ་མྱུར་དུ་ཡོམ་འགོག་གནོད་སེལ་བྱེད་འགོ་བརྩམས་ཏེ་གནོད་ཕོག་མང་ཚོགས་800ལྷག་ཙམ་བདེ་འགོད་ལེགས་པོ་བྱས་པ་རེད།
         གནོད་སེལ་དངོས་རྫས་གཅིག་རྗེས་གཉིས་མཐུད་དུ་བསྐྱལ་ཡོང་བ་མ་ཟད་ཁྱིམ་དུད་རེ་རེ་ཚང་མར་འགྲེམས་སྤྲོད་བྱས་པ་དང་ཆབས་ཅིག་གནོད་ཕོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་རིམ་བཞིན་བསྐྱར་གསོ་འབྱུང་བཞིན་ཡོད་པས། ཁོང་ཚོས་ཡོངས་ཁྱབ་ཏུ་“ཏང་ཀྲུང་དབྱང་གིས་དུས་ཚོད་དང་པོར་གནོད་འཚེ་ཐེབས་ཁུལ་དུ་དགོས་གཏུག་ཆེ་བའི་དངོས་རྫས་བསྐྱལ་ཡོང་བས། ཁྱིམ་ཚང་ཆེན་པོ་འདི་འདྲའི་ནང་འཚོ་བ་སྐྱེལ་བ་ནི་བདེ་སྐྱིད་ཧ་ཅང་ཆེན་པོ་ཡིན་ཞིང་། ད་ལྟ་ང་ཚོའི་རྒྱལ་ཁབ་སྟོབས་འབྱོར་ཆེ་བར་གྱུར་པས། མི་ཡོད་ཚེ་གང་ཞིག་ཚང་མ་ལེགས་སུ་འགྲོ་ངེས་ཡིན་པ་དང་། ཕྱིན་ཆད་ཀྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད་”ཅེས་བརྗོད་ཀྱི་ཡོད་པ་རེད།
    ༄༅།།རོང་ཤར་ཤང་གི་གནོད་ཕོག་མང་ཚོགས་བློ་བག་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བ་རིམ་
བཞིན་བསྐྱར་གསོ་འབྱུང་བཞིན་ཡོད་པ།
    ༄༅།།རོང་ཤར་ཤང་གི་གནོད་ཕོག་མང་ཚོགས་བློ་བག་ཕེབས་ཏེ་ཐོན་སྐྱེད་དང་འཚོ་བ་རིམ་
བཞིན་བསྐྱར་གསོ་འབྱུང་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།