འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས“ཀྲུང་གོ་ནི་ནེ་པ་ལའི་ཁྱིམ་མཚེས་བཟང་
    པོ་རེད”ཅེས་བསྔགས་བརྗོད་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་ཧྲུའུ་ཀྲང་ཡིན་པའི་ཧའེ་ལུན་ཁ་ལ་ཁ་ཡིས་ཚེས་4ཉིན་པེ་ཅིང་དུ་ནེ་པ་ལར“4•25”ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོས་འཕྲལ་དུ་རོགས་སྐྱོར་བྱས་པ་དང་ཀྲུང་གོ་ནི་ནེ་པ་ལའི་ཁྱིམ་མཚེས་བཟང་པོ་རེད་ཅེས་གསུངས་པ་རེད།
         ས་ཡོམ་དྲག་པོ་དེས་ནེ་པ་ལར་གཏོར་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། ད་དུང་ཀྲུང་གོའི་བོད་ལྗོངས་ཀྱི་མི་སྣ་ཡང་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཡང་ཕོག་ཡོད།“ང་ཚོས་ངེས་པར་དུ་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་དང་། གནོད་འཚེ་སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ལས་དོན་གཙོ་གནད་དུ་འཇོག་དགོས”ཞེས་ཁེ་ལ་ཁེ་ཡིས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུངས་པ་རེད།
         ཁོང་གིས་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོས་འཕྲལ་དུ་རོགས་སྐྱོར་བྱས་པ་དང་། དེ་ནི་དགའ་བསུ་ཐོབ་འོས་ཀྱི་བྱ་ཐབས་ཤིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་རང་ངོས་ལའང་གནོད་འཚེ་ཚབས་ཆེན་ཕོག་མྱོང་། ག་དུས་ཡིན་རུང་ཁ་གཏད་གཅོག་པའི་ལམ་སྲོལ་ལག་བསྟར་བྱེད་པ་ཕུད། ད་དུང་ཉམས་མྱོང་ཕྱོགས་སྡོམ་དང་དོན་དངོས་གནས་ཚུལ་ལ་དམིགས་ནས་དེ་བས་འོས་འཚམ་གྱི་བྱ་ཐབས་སྤྱོད་ཀྱི་ཡོད། ཀྲུང་གོའི་མྱུར་སྐྱོབ་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་རིན་ཡོད་ཅེས་གསུངས་པ་རེད།
         ས་ཡོམ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་གིས་འཕྲལ་དུ་ནེ་པ་ལར་རིན་ཐང་མི་དམངས་ཤོག་སྒོར་ཁྲི་2000ཟིན་པའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད། གནོད་འཚེ་ཕོག་ཁུལ་གྱི་དགོས་མཁོར་གཞིགས་ནས་ཀྲུང་གོ་སྲིད་གཞུང་གིས་དེ་རྗེས་སླར་ཡང་རེས་སྐོར་གཉིས་པའི་རོགས་སྐྱོར་བྱས་པ་དང་། དེའི་ནང་རིན་ཐང་མི་དམངས་ཤོག་སྒོར་ཁྲི་4000ཟིན་པའི་ཆུ་གཙང་བཟོའི་སྒྲིག་ཆས་དང་ཕྱི་བཅོས་རྨས་སྐྱོན་མྱུར་སྐྱོབ་ཡོ་བྱད། གུར་དང་ཀམ་པ་ལི་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།