འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གནོད་ཐེབས་མང་ཚོགས་ལ་སྤྲོ་སྐྱིད་ལྡན་པའི་ཁྱིམ་དུད་ཅིག་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 15:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གནོད་ཐེབས་མང་ཚོགས་ལ་སྤྲོ་སྐྱིད་ལྡན་པའི་ཁྱིམ་དུད་ཅིག་གནང་བ།
         མི་དམངས་དྲ་བའི་འཕྲིན། ས་ཡོམ་བྱུང་རྫེས་བོད་ལྗོངས་གོང་འོག་ཡོངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་གཞོགས་འདེགས་དམ་པོ་བྱས་ནས་བཀོད་སྒྲིག་བྱ་ཡུལ་ལེགས་འདེམས་དང་། དངོས་རྫས་སྐྱེལ་འདྲེན། གུར་ཕུབ་པ། ཆུ་དང་གློག་ཤར་གཏོང་ལ་སོགས་པ་བྱས་ཏེ་མྱུར་ཚད་མགྱོགས་ཤོས་ཀྱི་སྒོ་ནས་གནོད་ཐེབས་མང་ཚོགས་ཚོར་“གནས་སྐབས་ཀྱི་ཁྱིམ་དུད་”ཅིག་བསྐྲུན་པ་རེད། ལྷ་རྩེ་རྫོང་མཁར་ནུབ་བྱང་རྒྱུད་དུ་སྤྱི་ལེ་2ཡོད་པའི་ལྷ་རྩེ་རྫོང་གི་བཀོད་སྒྲིག་བྱ་ཡུལ་དུ་གུར་1000ལྷག་ཙམ་ཕུབ་ཅིང་། ཆུ་དང་གློག་ཤར་གཏོང་བྱས་པ་དང་། སྤྱི་བདེ་མངག་གཏོང་ཁང་དང་འཕྲོད་བསྟེན་ཁང་ཡང་བཙུགས་ཡོད་པ་རེད། འགྲམ་གྲོང་རྡལ་གྱི་འགྲམ་གྲོང་ཚོ་དང་སྤང་གྲོང་ཚོ་ནས་ཕྱིར་འཐེན་བྱས་པའི་གནོད་ཐེབས་མང་ཚོགས་800ལྷག་གཅིག་མཇུག་གཉིས་མཐུད་དུ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་མ་ཟད། ལྷ་རྩེ་རྫོང་གིས་ད་དུང་ཆེད་མངག་གཞུང་ལས་པ་400དང་དང་བླངས་པ་200འཐེན་གཏོང་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་དུ་གནོད་ཐེབས་མང་ཚོགས་ལ་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།གནོད་ཐེབས་མང་ཚོགས་ལ་སྤྲོ་སྐྱིད་ལྡན་པའི་ཁྱིམ་དུད་ཅིག་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།