འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་བྱུང་བའི་ས་ཡོམ་ཚབས་ཆེན་ལས་མི་གྲངས་7566རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནེ་པ་ལར་བྱུང་བའི་ས་ཡོམ་ཚབས་ཆེན་ལས་མི་གྲངས་7566རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་5ཉིན་ནེ་པ་ལའི་གཞུང་ཕྱོགས་མི་སྣས་མིག་སྔའི་བར་དུ་ས་ཡོམ་ཚབས་ཆེན་ལས་རང་རེའི་རྒྱལ་ཁབ་མི་གྲངས་ཉུང་མཐའ་ཡང་7566རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གྲངས་14500ལས་བརྒལ་བར་རྨས་སྐྱོན་ཕོག་པ་རེད་བཤད་པ་རེད།
         གཞུང་ཕྱོགས་མི་སྣ་དེས་མིག་སྔར་གནམ་གཤིས་ཧ་ཅང་ངན་པས་བས་མཐའ་ཁུལ་གྱི་གྲོང་ཚོ་ཞིག་དང་འབྲེལ་བ་བྱེད་མཚམས་ཆད། གྲོང་ཚོ་འདིར་གྲོང་མི་དང་ཡུལ་སྐོར་བ་བཅུ་ཕྲག་ཁ་ཤས་གངས་རུད་བྱུང་སྟེ་གངས་གསེབ་ཏུ་སྦས་ཡོད་མོད། འོན་ཀྱང་མྱུར་སྐྱོབ་ལས་ཀར་དཀའ་ངལ་ཧ་ཅང་ཆེན་པོ་ཐུག་ཡོད་ཅེས་བརྗོད།
         ནེ་པ་ལའི་ནང་སྲིད་པུའི་མགྲོན་ཚབ་པ་ཏ་ཁར་གྱིས་མིག་སྔར་ཡོམ་འགོག་གནོད་སེལ་དངོས་རྫས་གནོད་སྐྱོན་ཚབས་ཆེན་ཕོག་པའི་ས་ཁོངས་སུ་འབྱོར་བས། ནེ་པ་ལའི་རྒྱལ་ནང་གི་གནས་བབ་རིམ་བཞིན་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད། ནེ་པ་ལའི་སྲིད་གཞུང་གི་སྡེ་ཁག་ཚང་མས་མི་རྣམས་སོ་སོར་མཁོ་བའི་སྐྱབས་སྦྱིན་ཐོབ་པའི་འགན་ལེན་ཏན་ཏིག་ཧུར་བརྩོན་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།