འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཡོམ་བྱུང་རྗེས་ཀྱི་གཟའ་འཁོར་གཅིག་གི་སྐབས་སུ་གུར་གྱི་སློབ་གྲྭ་ནས་དཔེ་ཀློག་གི་སྒྲ་
    གསལ་ལྷང་ངེ་གྲགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ས་ཡོམ་བྱུང་རྗེས་ཀྱི་གཟའ་འཁོར་གཅིག་གི་སྐབས་སུ་གུར་གྱི་སློབ་གྲྭ་ནས་དཔེ་ཀློག་གི་སྒྲ་
གསལ་ལྷང་ངེ་གྲགས་པ།
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་4.25ས་ཡོམ་བྱུང་ནས་གཟའ་འཁོར་གཅིག་ཕྱིན་རྗེས་བོད་ལྗོངས་དིང་རི་རྫོང་རོང་ཤར་ཤང་གི་གནོད་ཐེབས་མང་ཚོགས་ཚོའི་རྒྱུན་ལྡན་འཚོ་བ་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད། རོང་ཤར་ཤང་སྤང་སེར་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བྱིས་པ་ཚོར་ཡང་ཁོ་རང་ཚོའི་སྟབས་བདེའི་གུར་གྱི་སློབ་གྲྭ་ཡོད་པར་གྱུར་པ་རེད།
         ས་ཡོམ་ཁྲོད་མཚམས་རྒྱས་གྲོང་ཚོར་ཡོད་པའི་རོང་ཤར་ཤང་གི་ཆ་ཚང་སློབ་ཆུང་གི་ཁང་པར་རྦབ་རྡོ་ཕོག་ནས་གས་སྐྱོན་བྱུང་བས། སློབ་གྲྭས་སློབ་ཁྲིད་བྱེད་མཚམས་འཇོག་དགོས་བྱུང་ནས་སློབ་གྲྭའི་སློབ་མ་113དང་དགེ་རྒན་9ཚང་མ་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་པ་རེད། ཡོམ་འགོག་གེགས་སེལ་དུ་ཞུགས་པའི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ས་གནས་དེ་གར་བཅའ་སྡོད་བྱེད་པའི་དཔུང་སྡེ་ཆེ་གེ་མོ་དང་བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔོན་དམག་ཚོས་ཕྲུ་གུ་ཚོར་སྔ་ཙམ་སློབ་ཚན་བསྐྱར་གསོ་ཡོང་བའི་ཆེད་དུ་དམིག་བསལ་གུར་གྱི་སློབ་གྲྭ་ཕུབ་ནས་དགེ་སློབ་ཚོས་དམིགས་བསལ་གུར་གྱི་སློབ་གྲྭའི་ནང་སློབ་ཁྲིད་བྱེད་འགོ་ཚུགས་ཤིང་། ས་ཡོམ་བྱུང་རྗེས་ཀྱི་རོང་ཤར་དུ་ཡང་བསྐྱར་བྱིས་པ་ཚོས་དཔེ་ཀློག་བྱེད་པའི་སྒྲ་གྲགས་བྱུང་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།ས་ཡོམ་བྱུང་རྗེས་ཀྱི་གཟའ་འཁོར་གཅིག་གི་སྐབས་སུ་གུར་གྱི་སློབ་གྲྭ་ནས་དཔེ་ཀློག་གི་སྒྲ་
གསལ་ལྷང་ངེ་གྲགས་པ།
      

    ཕྱོགས་བསྡུས་གསར་འགྱུར།