འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་འཕྲོད་བསྟེན་ནད་ཡམས་ཚོད་འཛིན་རུ་ཁག་ནེ་པ་ལར་རོགས་སྐྱོབ་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་3ཉིན་གྱི་ཕྱི་དྲོ་རང་ལྗོངས་ཀྱི་ནད་ཡམས་ཚོད་འཛིན་རུ་མི་30དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་ནད་ཡམས་ཚོད་འཛིན་རུ་མི་12ལས་གྲུབ་པའི་ཀྲུང་གོའི་བོད་ཀྱི་ནད་ཡམས་ཚོད་འཛིན་རོགས་སྐྱོབ་རུ་ཁག་ནེ་པ་ལའི་མཛའ་མཐུན་ཟམ་པ་ནས་རྐང་ཐང་མར་ནེ་པ་ལར་རྒྱལ་ཁབ་སྒྲོལ་བའི་རོགས་སྐྱོབ་མཐུན་སྦྱོར་གྱི་འཕྲོད་བསྟེན་རིམས་འགོག་ལས་འགན་སྒྲུབ་པར་ཐེངས་དང་པོ་བསྐྱོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྲུང་གོའི་བོད་ཀྱི་ནད་ཡམས་ཚོད་འཛིན་རོགས་སྐྱོབ་རུ་ཁག་ནི་རང་ལྗོངས་ཀྱི་ནད་ཡམས་ཚོད་འཛིན་ལྟེ་གནས་དང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་སྨན་ཁང་ནད་ཡམས་ཚོད་འཛིན་རུ་ཁག་གིས་ཕྱིའི་རྒྱལ་ཁབ་ལ་རང་བྱུང་གནོད་འཚེའི་འཕྲོད་བསྟེན་འཕྲལ་སྡོམ་རུ་ཁག་གཏོང་ཐེངས་དང་པོ་ཡིན་ཞིང་། རུ་ཁག་དེས་མཐོ་གནོན་དུག་སེལ་རིམས་འགོག་རླངས་འཁོར་དང་གློག་གིས་དུ་སྨུག་གཏོང་ཆས་གཉིས་དང་། ཏུན་2ལྷག་ཙམ་ལོན་པའི་དུག་སེལ་སྨན་དང་འགོག་སྲུང་ཡོ་ཆས་སྣ་ཚོགས་འཁྱེར་ཡོད། རོགས་སྐྱོབ་རུ་མི་ཞིག་གིས་ནུས་ཤུགས་ཡོད་རྒུས་དཀའ་བ་ཁྱད་དུ་བསད་དེ་རང་ལྗོངས་ཀྱི་གནོད་འཚེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ནུས་དང་དེ་བཞིན་བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་ལེགས་པར་བཏོན་ནས་གཟི་བརྗིད་ངང་དཀའ་ཚེགས་ཀྱི་ལས་འགན་ལེགས་པར་བསྒྲུབ་རྒྱུ་ཡིན་ལུགས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།