འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་མཐོ་སློབ་སློབ་ཐོན་སློབ་མ་ཡོངས་བསྒྲགས་རྒྱུགས་
    བསྡུ་ཁག་དང་པོ་འགོ་ཚུགས་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་གཞུང་ཞབས་པ་ཅུས་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་བྱུང་བ་ལྟར་འདི་ལོ་སྔར་བཞིན་ཁག་གཉིས་ལ་བགོས་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོད་གཞི་རིམ་གྱི་གཞུང་ཞབས་པ་དང་། བྱ་གཞག་ཚན་པའི་ལས་དོན་མི་སྣ། ཆེད་ལས་ལག་རྩལ་མི་སྣ་བཅས་བསྡོམས་མི་གྲངས་10000ཡོངས་བསྒྲགས་ཐོག་བསྡུ་རྒྱུ་ཡིན་པ་རེད། ཡོངས་བསྒྲགས་རྒྱུགས་བསྡུ་ཁག་དང་པོའི་ནང་བྱ་གཞག་ཚན་པའི་ལས་དོན་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣ་8010བསྡུ་རྩིས་ཡོད་པ་དང་ཟླ་5ཚེས་9ཉིན་ནས་བཟུང་མིང་ཐོ་འགོད་ཆོག
         ཡོངས་བསྒྲགས་རྒྱུགས་བསྡུ་ཁག་དང་པོའི་ནང་བྱ་གཞག་ཚན་པའི་ལས་དོན་མི་སྣ་དང་ཆེད་ལས་ལག་རྩལ་མི་གྲངས་8010བསྡུ་རྩིས་ཡོད་པའི་ཁྲོད་གཞི་རིམ་བྱ་གཞག་ཚན་པར་མི་གྲངས་4864(ལྷ་ས་གྲོང་ཁྱེར་དུ་མི་གྲངས་475དང་། གཞིས་རྩེ་གྲོང་ཁྱེར་དུ་མི་གྲངས་1028 ལྷོ་ཁ་ས་ཁུལ་དུ་མི་གྲངས་750 ཉིང་ཁྲི་གྲོང་ཁྱེར་དུ་མི་གྲངས་270 ཆབ་མདོ་གྲོང་ཁྱེར་དུ་མི་གྲངས་960 ནག་ཆུ་ས་ཁུལ་དུ་མི་གྲངས་820 མངའ་རིས་ས་ཁུལ་དུ་མི་གྲངས་561)དང་། སློབ་གསོའི་ཁོངས་གཏོགས་སུ་མི་གྲངས་2502 ལྗོངས་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་5 ལྗོངས་མི་དམངས་འཐུས་ཚོགས་གཞུང་དོན་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་4 ལྗོངས་སྒྲིག་ཨུད་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་2 ལྗོངས་ཏང་ཨུད་རྩ་འཛུགས་པུའུ་(སྒྲིག་ཁོངས་གཞུང་ལས་ཁང)ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་2 ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་20 ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་1 ལྗོངས་སློབ་གསོ་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་5 ལྗོངས་འཕྲོད་བསྟེན་འཆར་གཞི་ཨུ་ལྷན་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་143 ལྗོངས་ཞིང་འབྲོག་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་20 ལྗོངས་ནགས་ལས་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་1 ལྗོངས་རིག་གནས་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་16 ལྗོངས་འཕེལ་སྒྱུར་ཨུ་ལྷན་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་1 ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་2 ལྗོངས་འགྲིམ་འགྲུལ་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་90 ལྗོངས་ཆུ་བེད་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་42 ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་7 ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་73 ལྗོངས་ཚན་རྩལ་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་2 ལྗོངས་དམངས་སྲིད་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་6 ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་2 ལྗོངས་ས་གཤིས་རྩད་ཞིབ་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་27 ལྗོངས་འབྲུ་རིགས་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་10 ལྗོངས་གཞུང་ཁོངས་ས་ཆ་ཐོན་ཁུངས་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་4 ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་དོ་དམ་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་12 ལྗོངས་ཞིང་འབྲོག་ཚན་རིག་ཁང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་10 ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་1 ལྗོངས་བཟའ་བཅའ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་11 བོད་ལྗོངས་སློབ་ཆེན་དུ་མི་གྲངས་25 བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་དུ་མི་གྲངས་9 བོད་ལྗོངས་མི་རིགས་སློབ་གླིང་དུ་མི་གྲངས་6 བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་མི་གྲངས་12 ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་མི་གྲངས་3 བོད་ལྗོངས་གསོ་རིག་སློབ་གླིང་དུ་མི་གྲངས་13 བོད་ལྗོངས་ཉེན་རྟོག་དཔོན་གྱི་མཐོ་རིམ་ཆེད་ཚན་སློབ་གྲྭར་མི་གྲངས་10 ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་མི་གྲངས་12 བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་སུ་མི་གྲངས་17 ལྗོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་4 ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་1ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བར་མི་གྲངས་3 རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཁོངས་གཏོགས་བྱ་གཞག་ཚན་པར་མི་གྲངས་10བཅས་བསྡུ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མིང་ཐོ་དྲ་བའི་ཐོག་ནས་འགོད་དགོས་པ་དང་། རྒྱུགས་སྤྲོད་སློབ་མས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཆ་འཕྲིན་དྲ་བའི(དྲ་གནས། http∶//www.xz.hrss.gov.cn)ཐོག་མིང་ཐོ་འགོད་དགོས། མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་5ཚེས་9ཉིན་ནས་ཟླ་5ཚེས་13ཉིན་བར་ཡིན། ཐོབ་ཐང་ལ་ཐོག་མའི་ཞིབ་དཔྱད་ཚར་བའི་མིས་ཟླ་5ཚེས་28ཉིན་དང་ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཆ་འཕྲིན་དྲ་བ་བརྒྱུད་རྒྱུགས་སྤྲོད་ཁྲོལ་ཡིག་པར་རྒྱག་དགོས། (ཞིབ་ཕྲའི་ནང་དོན་ཟླ་5ཚེས་5ཉིན་གྱི་བོད་ལྗོངས་ཉིན་རེའི་རྒྱ་ཡིག་ཚགས་པར་གྱི་པར་ངོས་བརྒྱད་པ་ནས་བཅུ་གཉིས་བར་བཀོད་ཡོད་པས་དེར་གཟིགས་པར་འཚལ)
      

    ཕྱོགས་བསྡུས་གསར་འགྱུར།