འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ཞོད་འགོག་ཐན་འགོག་གི་ཁ་གསབ་རོགས་དངུལ་སྒོར་
    དུང་ཕྱུར་5.05སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཞོད་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་2015ལོའི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད་ཀྲུང་དབྱང་ནོར་སྲིད་ཀྱིས་ཉེ་ཆར་ཞོད་འགོག་ཐན་འགོག་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་5.05སྤྲད་ནས་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་2015ལོའི་འཕྲལ་སྡོམ་ཆུ་ལོག་སྔོན་འགོག་དང་དེ་བཞིན་ཆུས་ཁྱེར་བའི་སྒྲིག་བཀོད་ཉམས་གསོ་ལེགས་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ནོར་སྲིད་པུའུ་ཡིས་ས་གནས་ཁག་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མ་དངུལ་དོ་དམ་ལེགས་པོ་དང་བེད་སྤྱོད་ལེགས་པོ་བཏང་ནས་མ་དངུལ་གྱི་གཏོང་སྤྲོད་དང་རྣམ་གྲངས་ལག་བསྟར་བྱེད་ཚད་མགྱོགས་སུ་བཏང་ནས་འཕྲལ་སྡོམ་ཆུ་ལོག་སྔོན་འགོག་གི་དགོས་མཁོ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།