འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གློག་དྲ་ཀུང་སིའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གཉའ་ལམ་རྫོང་མཁར་
    གྱི་བཀོད་སྒྲིག་བྱ་ཡུལ་ཡོངས་སུ་གློག་ཤར་གཏོང་བྱེད་རྒྱུར་འགན་སྲུང་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཁབ་གློག་དྲ་ཀུང་སིའི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་གཉའ་ལམ་རྫོང་མཁར་
གྱི་བཀོད་སྒྲིག་བྱ་ཡུལ་ཡོངས་སུ་གློག་ཤར་གཏོང་བྱེད་རྒྱུར་འགན་སྲུང་བྱས་པ།
         མི་དམངས་དྲ་བའི་འཕྲིན། མིག་སྔར་རྒྱལ་ཁབ་གློག་དྲ་ཀུང་སི་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་བོད་ལྗོངས་སུ་ཡོམ་འགོག་གནོད་སེལ་གློག་ཤུགས་གཏོང་སྐུད་མྱུར་བཟོ་བྱེད་པའི་ལས་དོན་ཐད་དུས་རིམ་གྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་པ་རེད། གཞིས་རྩེ་བཀོད་སྒྲིག་བྱ་ཡུལ་དུ་གློག་ཤུགས་400ཧྥུ་ཅན་གྱི་གློག་སྐུད་སྨི་3000ལས་བརྒལ་བ་འཐེན་ཁྲིད་བྱས་པ་དང་། གུར་700ལྷག་ལ་གློག་འབྲེལ་མཐུད་བྱས་ཤིང་། སྐྱིད་གྲོང་རྫོང་གཅིག་བསྡུས་བཀོད་སྒྲིག་བྱ་ཡུལ་དུ་གུར་600ལྷག་ལ་གློག་འབྲེལ་མཐུད་བྱས། མིག་སྔར་སྐྱིད་གྲོང་རྫོང་གི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་སྔར་ལྟར་གཞི་རྩའི་ཐོག་གློག་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་ཅིང་། གཉའ་ལམ་རྫོང་བཀོད་སྒྲིག་བྱ་ཡུལ་དུ་རྫོང་སྨན་ཁང་དང་། སློབ་གྲྭ། བཀོད་སྒྲིག་བྱ་ཡུལ་ལ་སོགས་པའི་གུར་420ལྷག་ལ་གློག་འབྲེལ་མཐུད་བྱས་པ་དང་། རྫོང་མཁར་གྱི་བཀོད་སྒྲིག་བྱ་ཡུལ་ཡོངས་སུ་གློག་ཤར་གཏོང་བྱེད་ཐུབ་ཀྱི་ཡོད་པ་རེད།
         ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བྱུང་བ་ལས་ཀྲུང་གོའི་བོད་ལྗོངས་ཀྱི་རྫོང་དང་ཆུས་19ལ་ཤུགས་རྐྱེན་ཐེབས་པས། གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་གི་ཆུ་གློག་འདོན་སྤྲོད་བྱེད་པའི་གློག་ཤུགས་སྒྲིག་བཀོད་ཆུང་གྲས་ལ་གནོད་སྐྱོན་ཐེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།