འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་ས་ཁུལ་ཁག་གི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་
    དགོངས་དོན་ལས་འགལ་བའི་གྱོད་གཞི་ཁག་134བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་གྱི་དགོང་མོ་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཟླ་4ཚེས་27ཉིན་ནས་ཟླ་5ཚེས་3ཉིན་བར་ས་ཁུལ་ཁག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་ཁག་134ཡོངས་བསྒྲགས་བྱས་པ་རེད།
         ཉིན་ཤས་གོང་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ལྔ་གཅིག་རིང“སྤྱོད་ཚུལ་བཞིའི”གནད་དོན་ལ་ལྟ་སྐུལ་ཐེར་འདོན་དང་དམར་རྗེན་དུ་འདོན་པའི་ཆེད་སྒྲིག་བཀོད་སྒྲིག་བྱས་ཤིང་། དེའི་ཁྲོད་ཀྱི“གཟའ་འཁོར་རེའི་བརྡ་ཁྱབ”ཅེས་པའི་ལེ་ཚན་ནང་ཟླ་4ཚེས་20ཉིན་ནས་བཟུང་རིམ་ཁག་སྒྲིག་ཨུད་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གྱོད་གཞི་མིང་དངོས་སུ་བཏོན་ནས་བརྡ་ཁྱབ་དང་དམར་རྗེན་དུ་བཏོན་ཡོད། དེ་ནི་ལེ་ཚན་དེའི་ཐོག་གཟའ་འཁོར་གསུམ་རིང་བསྟུད་མར་བརྡ་ཁྱབ་བཏང་བ་ཞིག་རེད། གོང་ཚེས་ཉིན་ཡོངས་བསྒྲགས་བྱས་པའི་ས་ཁུལ་དང་ཚན་པ་33གྱི་གྱོད་གཞི་དེ་སྒྲིག་སྲོལ་ལས་འགལ་ནས་ཕོགས་སྣོན་དང་ཁ་གསབ་སྤྲོད་པ་དང་། སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དང་ཤོག་ཆག་ལེན་པ། གཞུང་དངུལ་སྤྱད་ནས་ཡུལ་སྐོར་དུ་འགྲོ་བ། རྒྱས་སྤྲོས་རྒྱས་གཤོམ་ངང་གཉེན་སྒྲིག་དང་གཤིན་པོ་དུར་སྐྱེལ་བྱེད་པ། སྒྲིག་སྲོལ་ལས་འགལ་ནས་གཞུང་འཁོར་སྤྱོད་པ། གཞུང་དངུལ་སྤྱད་ནས་རྒྱས་ཟས་རྒྱས་འཐུང་བྱེད་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་དང་། གྱོད་འབྲེལ་མི་སྣ་ཚང་མ་མིང་དངོས་སུ་བཏོན་ནས་བརྡ་ཁྱབ་བཏང་སྟེ་སྐྱོན་བརྗོད་བྱས་པ་མ་ཟད། ཆད་པ་བཅད་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། དེ་དག་ཁྲོད་ནས་ཀྲེ་ཅང་ཞིང་ཆེན་གྱི་བརྡ་ཁྱབ་བཏང་བའི་གྱོད་གཞི་ཁག་10ཟིན་ནས་གྱོད་གཞིའི་གྲངས་འབོར་ཨང་དང་པོར་སླེབས་པ་དང་། ཧུའུ་པེ་དང་ནང་སོག་གི་བརྡ་ཁྱབ་བཏང་བའི་གྱོད་གཞི་ཁག་8ཟིན་ནས་འདྲ་མཚུངས་ཨང་གཉིས་པར་སླེབས་པ། ཀུའེ་ཀྲོའུ་ཡི་བརྡ་ཁྱབ་བཏང་བའི་གྱོད་གཞི་ཁག་7ཟིན་ནས་ཨང་བཞི་པར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།