འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་ལྔ་གཅིག་རིང་གི་ཡུལ་སྐོར་ཞུ་གཏུག་དང་གྱོད་གཞི་ཞིབ་བཤེར་
    ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་06ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ནས་ལྔ་གཅིག་རིང་གི་ཡུལ་སྐོར་ཞུ་གཏུག་དང་ཡུལ་སྐོར་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་ཚུལ་བརྡ་ཁྱབ་བཏང་བ་རེད།
         ཟླ་5ཚེས་3ཉིན་གྱི་ཆུ་ཚོད་20ཡི་བར་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་དེ་བཞིན་ཤིན་ཅང་འཛུགས་སྐྲུན་པིང་ཐོན་བཅས་ཀྱིས་ཡུལ་སྐོར་ཞུ་གཏུག་ཁག་800བདག་སྤྲོད་བྱས་པ་དང་། དེའི་ནང་མཛེས་ལྗོངས་ཁུལ་གྱི་ཞུ་གཏུག་ཁག་242ཟིན་པ་དེས་བསྡོམས་འབོར་གྱི་30%བཟུང་བ་དང་། ཡུལ་སྐོར་ལས་དོན་ཁང་གི་ཞུ་གཏུག་ཁག་224ཟིན་པ་དེས་བསྡོམས་འབོར་གྱི་28%བཟུང་བ། གསོལ་མགྲོན་ཁང་གི་ཞུ་གཏུག་ཁག་53ཟིན་པ་དེས་བསྡོམས་འབོར་གྱི་7%བཟུང་བ། འགྲིམ་འགྲུལ་ཞུ་གཏུག་ཁག་18ཟིན་པ་དེས་བསྡོམས་འབོར་གྱི་2%བཟུང་བ་དང་ཞུ་གཏུག་གཞན་དག་ཁག་263ཡོད་པ་དེས་བསྡོམས་འབོར་གྱི་33%བཟུང་ཡོད་པ་རེད། ས་ཁུལ་ཁྱབ་ཚུལ་ནས་བལྟས་ཚེ་ཞུ་གཏུག་གཙོ་བོ་ཡུན་ནན་དང་། པེ་ཅིང་། ཧོ་ནན། ཁྲུང་ཆིང་། ཀྲེ་ཅང་སོགས་ཡུལ་སྐོར་བྱེད་མང་བའི་ས་ཁུལ་དུ་གཅིག་སྡུད་ཐོག་ཐོན་ཡོད་པ་རེད།
         ཟླ་5ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་18བར་རྒྱལ་ཁབ་ཡུལ་སྐོར་ཅུས་ལ་ཞུ་གཏུག་ཁག་89འབྱོར་ཡོད་པ་དང་ཞུ་གཏུག་གཙོ་བོ་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་། དྲ་ཐོག་ཚོང་ཁང་། “ཉིན་གཅིག་ཡུལ་སྐོར”མགྲོན་ཁང་། དངོས་ཟོག་ཉོ་སྒྲུབ་དང་འགྲིམ་འགྲུལ་སོགས་ཀྱི་ཐད་གཅིག་སྡུད་ཐོག་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།