འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་དོན་
    སྙན་སེང་ཞུ་བའི་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་དོན་
སྙན་སེང་ཞུ་བའི་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧན་ཀྲེང་དང་། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གྲོང་ཁྱེར་གྱི་འགོ་འཛིན་དབྱང་ཞུང་གཉིས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཡུན་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཅི་ཧེང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིང་ཆེན་གྱི་འགོ་འཛིན་ཁྲེང་ཧའོ་གཉིས་ཀྱིས་ཕེབས་རོགས་གནང་བའི་འོག་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་མཛུབ་སྟོན་གནང་བར་ཕེབས་པ་མ་ཟད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་དོན་སྙན་སེང་ཞུ་བའི་ཚོགས་འདུ་ཡང་འཚོགས་པ་རེད།
         ཧན་ཀྲེང་གིས་གསུང་བཤད་གནང་སྐབས་ཧྲང་ཧའེ་གྲོང་ཁྱེར་གྱིས་ཀྲུང་དབྱང་གི་བོད་ཁུལ་གྱི་ལས་དོན་ལེགས་པོ་བསྒྲུབ་དགོས་པའི་སྐོར་གྱི་བླང་བྱ་དོན་འཁྱོལ་མཐར་ཕྱིན་ནན་ཏན་བྱེད་པ་དང་། བདེ་ཆེན་ཁུལ་དེ་ཧྲང་ཧའེ་གྲོང་ཁྱེར་གྱིས་ཡུན་ནན་ཞིང་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཏུ་བརྩིས་ནས་ཁ་གཏད་རོགས་སྐྱོར་གི་ལས་དོན་ཁག་སྒྲུབ་རིང་ཐོག་མཐའ་བར་གསུམ་དུ་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་ཁུལ་འཕེལ་རྒྱས་གཏོང་རྒྱུའི་སྤྱི་ཡོངས་ཀྱི་ཇུས་གཞིར་གཞིགས་པ་དང་། བདེ་ཆེན་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གྱི་བཀོད་སྒྲིག་ཞིབ་ཕྲར་གཞིགས་ཏེ་སྟོབས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
    ༄༅།།ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་དོན་
སྙན་སེང་ཞུ་བའི་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།