འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁོངས་གཏོགས་ཀྱིས་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་
    ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་སློབ་སྦྱོང་བྱེད་
    པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁོངས་གཏོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། རིཌ་གཅིག་མཁས་ཅན་དང་མཁས་དབང་7གྱིས་རང་སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ནས་རྒྱབ་ཤ་དཀར་པོའི་དེབ་འདོན་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།
         གྲོང་གསེབ་ཀྱི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་ཟླ་བ་ཚེ་རིང་གིས། རྒྱབ་ཤ་དཀར་པོའི་དེབ་ནི་ཀྲུང་དབྱང་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་དམིགས་ནས་བཏོན་པའི་ཡིག་ཆ་གལ་ཆེན་གཞན་ཞིག་ཡིན་པ་དེས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་གསལ་པོ་བཏོན་པ། བོད་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་དག་གསལ་བཏོན་བྱས་པ་བཅས་ཡིན་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་མགྱོགས་མྱུར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་ནས་ཞི་མཐུན་སྤྱི་ཚོགས་དང་།འབྱོར་འབྲིང་འཚོ་བ། མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་སྔ་ཙམ་མངོན་འགྱུར་ཡོང་བ་བྱ་རྒྱུའི་ངོས་འཛིན་བྱས་པ་རེད།
         བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་། ཞིབ་འཇུག་པ་ཝང་ཏའེ་ཡོན་གྱིས། རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི“བོད་ཆེན་པོ”ཟེར་བའི་གཟུགས་མེད་གྲིབ་བཟོའི་ཐ་སྙད་དེ་ལས་མཚོ་བོད་ས་མཐོ་དང་དེའི་ས་འབྲེལ་ས་ཁུལ་གྱི་མི་རིགས་གཞན་དག་ཁྲི་སྟོང་མང་པོ་མི་རབས་ནས་མི་རབས་བར་གནས་སྡོད་བྱེད་པའི་ཕ་ཡུལ་ནས་གནས་སྤོ་བྱས་ཏེ་མི་རིགས་གཙང་སེལ་བཟོ་བའི་དམིགས་ཡུལ་ངན་པ་བསྒྲུབ་རྒྱུ་དམར་རྗེན་དུ་བཏོན་ཡོད་ཅེས་བཤད་པ་རེད། ཁོང་གིས“བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ལས་མེས་རྒྱལ་ཁྱིམ་ཚང་ཆེ་མོ་ནི་བོད་མི་རིགས་འཚོ་གནས་འཕེལ་རྒྱས་ཀྱི་རྨང་གཞི་ཞིག་ཡིན་པ་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ནི་བོད་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་མེད་ཐབས་མེད་པའི་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཞིག་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད”ཅེས་བཤད་པ་རེད། རིགས་གཅིག་མཁས་ཅན་དང་མཁས་དབང་7གྱིས་གཏམ་བཤད་གལ་ཆེན་སྤེལ་བ་ཕུད། སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་གཞུང་ཁྲུའུ་དང་ཚན་རིག་ཞིབ་འཇུག་ཁྲུའུ་སོགས་སྡེ་ཚན་གྱི་འཐུས་མི་10ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།