འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“ཚད་མཐོའི་རང་སྐྱོང”ཞེས་པ་ནི“རྒྱལ་ཁབ་ནང་དུ་རྒྱལ་ཁབ”འཛུགས་རྒྱུའི་ངན་ཇུས་
    བཤམས་པ་ཞིག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང“ཚད་མཐོའི་རང་སྐྱོང”ཞེས་པ་ནི“རྒྱལ་ཁབ་ནང་དུ་རྒྱལ་ཁབ”འཛུགས་རྒྱུའི་ངན་ཇུས་བཤམས་པ་ཞིག་ཡིན་པས་ཀྲུང་གོའི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྦད་དེ་རྒྱབ་འགལ་བྱས་པ་ཞིག་རེད་ཅེས་བརྗོད་ཡོད།
          རྒྱབ་ཤ་དཀར་པོའི་དེབ་ནང“ཚད་མཐོའི་རང་སྐྱོང”ཞེས་པ་དེ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“དབུ་མའི་ལམ”འུད་སྒྲོག་བྱེད་པའི་ལྟེ་བའི་ནང་དོན་གཞན་ཞིག་རེད། ཕྱི་ཚུལ་ནས་བལྟས་ཚེ“ཚད་མཐོའི་རང་སྐྱོང”ཞེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ཁྱབ་ཁོངས་ནང་སྐད་ཡིག་དང་། རིག་གནས། ཆོས་ལུགས། སློབ་གསོ། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི“རང་སྐྱོང་དབང་ཆ”བརྩོན་གཉེར་བྱས་པ་ཞིག་ཡིན་མོད། འོན་ཀྱང“ཚད་མཐོའི་རང་སྐྱོང”སྐོར་གྱི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་གཏམ་བརྗོད་ནང་ཀྲུང་གོའི་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བདག་དབང་དང་། རྒྱལ་ཁབ་ཀྱི་ལམ་ལུགས་ལ་གཏོར་བཤིག་གཏོང་བའི་ནང་དོན་ཁ་གསལ་འཁོད་ཡོད།“ཚད་མཐོའི་རང་སྐྱོང”ཞེས་པའི་ངོ་བོ་ནི་ཀྲུང་གོ་སྲིད་གཞུང་གི་གཅུན་སྡོམ་མི་ཕོག་པའི“རྒྱལ་ཁབ་ནང་དུ་རྒྱལ་ཁབ”འཛུགས་རྒྱུ་དེ་ཡིན་པ་བརྗོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་གཞིར་བཟུང“ཚད་མཐོའི་རང་སྐྱོང”ཞེས་པའི“རང་སྐྱོང”ནི་རྫུས་མ་ཡིན་པ་དང“རང་བཙན”ནི་ངོ་མ་ཡིན། དེའི་དམིགས་ཡུལ་ནི་ཀྲུང་གོས་བོད་ལ་འཛིན་པའི་བདག་དབང་ཁས་མི་ལེན་པར་ཀྲུང་དབྱང་སྲིད་གཞུང་གི་ཁོངས་སུ་མི་གཏོགས་པའི“བོད་ཆེན་པོ”འཛུགས་རྒྱུ་དེ་རེད། དེ་ལྟ་བུའི“ཚད་མཐོའི་རང་སྐྱོང”མངོན་འགྱུར་ཐུབ་པའི་རྨང་གཞི་དང་ཆ་རྐྱེན་གཏན་ནས་མེད་པ་དང་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་>>ནང་གི་ཀྲུང་གོའི་མི་རིགས་ཁག་དབར་གྱི་འབྲེལ་བའི་གོ་དོན་དང་རྩ་དོན་དང་རྒྱབ་འགལ་མཐའ་གཅིག་ཏུ་བྱས་པ་ཞིག་དང་། ཀྲུང་གོས་ད་ལྟ་སྤྱོད་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་ཆར་རྒྱབ་འགལ་མཐའ་གཅིག་ཏུ་བྱས་པ་ཞིག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ལ་རྒྱབ་འགལ་མཐའ་གཅིག་ཏུ་བྱས་པ་ཞིག་བཅས་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“ཚད་མཐོའི་རང་སྐྱོང”ཞེས་པ་བརྒྱུད་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁས་གཏན་ནས་མི་ལེན་པའི་རེ་སྟོང་འཆང་གི་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཆབ་སྲིད་འདོད་ཚུལ་ནི“དབུ་མའི་ལམ”ལ་ཁ་གཡར་ནས་དོན་ངོ་མར“བོད་རང་བཙན”ཡོང་བ་བྱ་རྒྱུ་དེ་རེད། “དབུ་མའི་ལམ”ཁྱབ་གདལ་བཏང་བས་དུས་མཚམས་དབྱེ་སྟེ“བོད་རང་བཙན”ཡོང་བ་བྱེད་ཕྱིར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“འཛམ་གླིང་གི་འཕེལ་ཕྱོགས”ལ་མཐུན་འཇུག་བྱེད་ཁུལ་བྱེད་པ་དང་། “ལམ་གསུམ་པ”དང“མི་རིགས་རང་ཐག་རང་གཅོད” “མི་རིགས་རང་སྐྱོང” “འཚེ་མེད་ཞི་བ” “གཉིས་ཁེ”སོགས་རྒྱལ་སྤྱིའི་ཤོད་སྟངས་མང་པོ་སྤྱད་དེ“བོད་རང་བཙན”ཡོང་རེ་དེ་དྲང་སྙོམས་དྲང་བདེན་དང་མི་རིགས་རང་བཙན་དོན་གཉེར་བྱེད་ཁུལ་བྱས་པ་ཞིག་རེད། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དོན་དངོས་དང་རྦད་དེ་ཐ་དད་དུ་སོང་བ་དང་ཀྲུང་གོའི་རྩ་ཁྲིམས་དང་། བཅའ་ཁྲིམས། གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་བཅས་དང་རྒྱབ་འགལ་མཐའ་གཅིག་ཏུ་བྱས་པ་ཞིག་ཡིན་པས་རྫུས་མ་ག་ཚོད་འཁྲབ་རུང་ངལ་བ་སྟོང་ཟད་རེད་ཅེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།