འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དད་ལྡན་སེར་སྐྱ་མང་ཚོགས་ལ་རང་སྡུག་
    གཏོང་རྒྱུའི་མགོ་སྐོར་བསླུ་བྲིད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་22ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་15ཉིན་སྤེལ་བའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བོད་རིགས་དཀྱུས་མའི་ཚེ་སྲོག་ལ་ཇི་མི་སྙམ་པར་དད་ལྡན་སེར་སྐྱ་མང་ཚོགས་ལ་རང་སྡུག་གཏོང་རྒྱུའི་མགོ་སྐོར་བསླུ་བྲིད་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་པ་ལྟར་ན། 2011ལོའི་ཟླ་བརྒྱད་པར“བོད་ཀྱི་ཡུལ་གྱར་སྲིད་གཞུང”ཟེར་བ་དེར་འགོ་པ་གསར་པ་བསྐོས་རྗེས“གཏུམ་སྤྱོད་མ་ཡིན་པའི་གསར་གཏོད”ལས་འགུལ་སྤེལ་རྒྱུ་ཁ་གསལ་བཏོན་ཅིང་། དེ་ནས་བཟུང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཐབས་ལམ་མང་པོ་བརྒྱུད་དེ་མེས་རྒྱལ་ནང་ཁོངས་ཀྱི་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ལ་རང་སྲེག་གཏོང་རྒྱུའི་ངན་སྐུལ་བྱས་པས་ཀྲུང་གོའི་ས་ཁུལ་ཁག་གཅིག་ཏུ་རང་སྲེག་དོན་རྐྱེན་གཅིག་རྗེས་གཉིས་མཐུད་དུ་ཐོན། སྤྱི་པའི་གནས་ཡུལ་དུ་རང་སྡུག་གཏོང་བ་ནི་མ་གཞི་ནས་གཏུམ་སྤྱོད་ཡིན་ལ་དེ་དག་གི་དམིགས་ཡུལ་ནི་འཇིགས་སྐུལ་གྱི་རྣམ་པ་བཟོ་རྒྱུ་དང་འཇིགས་སྐུལ་གྱི་བསམ་བློ་བརྒྱུད་སྤེལ་བྱེད་རྒྱུ་དེ་ཡིན་པ་རེད། དཀར་ནག་གི་དབྱེ་བ་ཁ་གསལ་བའི་གནད་དོན་འདིའི་ཐད་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བྱ་བ་ཡག་པོ་ཞིག་བསྒྲུབས་མེད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཚེ་སྲོག་ལ་གཅེས་སྤྲས་དང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་རྒྱུ་ནི་ནང་བསྟན་གྱི་རྩ་བའི་བསམ་བློ་ཡིན་ལ། ནང་བསྟན་གྱི་དགོངས་པ་ལྟར་ན་གཞན་གྱི་སྲོག་གཅོད་རྒྱུར་ངོ་རྒོལ་བྱེད་དགོས་པ་མ་ཟད། རང་སྲོག་གཅོད་རྒྱུར་ཡང་ངོ་རྒོལ་བྱེད་དགོས། བྱམས་སྙིང་རྗེ་སྒོམ་ནས་ཚེ་སྲོག་ཡོད་དོ་ཅོག་ལ་བདག་སྐྱོང་དང་། གཅེས་སྤྲས་བཅས་བྱེད་དགོས་མོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་རིགས་ཀྱིས་རང་སྲེག་གཏོང་བའི་དོན་རྐྱེན་ཐད་བཟུང་བའི་རྣམ་འགྱུར་དང་བྱེད་ཐབས་ཁག་ནི་གཞན་ལ་རང་སྲེག་གཏོང་རྒྱུའི་ངན་སྐུལ་དང་བསླུ་བྲིད་བཏང་བ་ཡིན་པས་ཉེས་སྤྱོད་དུ་གཏོགས་པ་ཡིན། བྱེད་སྤྱོད་དེའི་རིགས་ནི་མིའི་རིགས་ཀྱི་གཞི་རྩའི་རྒྱུ་འབྲས་དང་ཀུན་སྤྱོད་ལས་འགོངས་བ་མ་ཟད། ད་དུང་ནང་བསྟན་གྱི་བསྟན་དོན་ལའང་རྡོག་རོལ་བཏང་ནས་ནང་བསྟན་གྱི་ཚེ་སྲོག་ལྟ་བ་དང་རྩ་བ་ནས་རྒྱབ་འགལ་དུ་ཕྱིན་ཡོད་ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།