འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མི་རིགས་ཀྱི་འཁོན་འཛིན་ངན་སྐུལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་17ཉིན། 15:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མི་རིགས་ཀྱི་འཁོན་འཛིན་ངན་སྐུལ་དང་དྲག་ཤུགས་ལ་ཡར་གཏོད་བྱེད་མཁན“བོད་རང་བཙན་བྱ་གཞག”གི་ཤུལ་འཛིན་པ་གསོ་སྐྱོང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”ཡོང་ཆེད་བོད་རིགས་དང་ཀྲུང་གོའི་མི་རིགས་གཞན་དག་དབར་འཁོན་འགྲས་དང་འགལ་ཟླ་བཟོ་རྒྱུ་སྔ་ཕྱི་བར་གསུམ་དུ་མཚམས་བཞག་མེད་པ་དང་། མི་རིགས་ཀྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ། མི་རིགས་ཀྱི་འཁོན་འཛིན་ངན་སྐུལ་བྱེད་ཀྱི་ཡོད། ད་ཕན་ལོ་ཤས་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ད་དུང་རང་ལྕེབས་དོན་རྐྱེན་སྤྱད་དེ་འཁོན་འཛིན་གྱི་སློབ་གསོ་ཤུགས་ཆེར་གཏོང་བ་དང་། ཁོ་པས་གཉེར་བའི་སློབ་གྲྭའི་ནང་རང་ལྕེབས་ཀྱི་པར་འགྲེམས་སྟོན། ཕྲུ་གུ་ཚོར་རང་ལྕེབས་བྱེད་མཁན་ལ་བཙན་ཤེད་ངང་གུས་འདུད་ཞུ་རུ་འཇུག་པ། ཀྲུང་དབྱང་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་ལ་དམའ་འབེབས་བྱེད་པ། མི་རིགས་འཁོན་འགྲས་ཀྱི་བསམ་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད་ཅེས་བསྟན་ཡོད། རྒྱབ་ཤ་དཀར་པོའི་དེབ་ལ་གཞིགས་ན། 1970ལོར་བཙུགས་པའི“བོད་ཀྱི་གཞོན་ནུ་ཚོགས་པ”ནི་ཐད་ཀར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བཀའ་ལ་ཉན་མཁན“བོད་རང་བཙན”པའི་དྲག་སྐྱོད་རྩ་འཛུགས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“བོད་རང་བཙན་བྱ་གཞག”ཆེད“ཤུལ་འཛིན་པ”གསོ་སྐྱོང་བྱ་རྒྱུ་དེ་རེད།“བོད་ཀྱི་གཞོན་ནུ་ཚོགས་པ”བཙུགས་པ་ནས་བཟུང་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་སྤྱོད་རྒྱུན་ཆད་མེད་པ་སྤེལ་ཡོད། ལོ་མང་རིང“བོད་ཀྱི་གཞོན་ནུ་ཚོགས་པས”གནས་ཚུལ་གསལ་པོ་མ་ཤེས་པའི་མང་ཚོགས་དཀྱུས་མ་དྲག་ཤུགས་དོན་རྐྱེན་ནང་ཞུགས་རྒྱུའི་ངན་ཇུས་བཤམས་པ་དང་ངན་སྐུལ་བྱས་ཁར་དེའི་དྲག་ཤུགས་དང་རྗེས་གྲབས་སྟོབས་ཤུགས་གསོ་སྦྱོང་ཧུར་ཐག་བྱས་ཡོད། ཁོ་པ་ཚོས་རྒྱ་གར་གྱི་རྡ་རམ་ས་ལར་དྲག་ཤུགས་སྦྱོང་བརྡར་རྟེན་གཞི་བཙུགས་པ་དང“བོད་ལྗོངས་རང་དབང་འཐབ་འཛིང་པའི་མཐུན་ཚོགས”སྒྲིག་འཛུགས་བྱས་ནས་དྲག་ཤུགས་ཀྱི་གཏོར་བཤིག་བྱེད་སྤྱོད་སྤེལ་བ་དང་འབྲེལ། མི་མངགས་ནས་རྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་དང་འབྲེལ་བ་བྱས་ཏེ་ཕན་ཚུན་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད། བོད་དང་ས་ཆ་གཞན་དག་ཏུ་ཐོན་པའི་དྲག་གཏུམ་དོན་རྐྱེན་ཧ་ཅང་མང་པོ་དེ་དག“བོད་ཀྱི་གཞོན་ནུ་ཚོགས་པ”དང་ཐད་ཀར་འབྲེལ་བ་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཤུལ་འཛིན་པ་གསོ་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་གཞིགས་ཏེ“བོད་རིགས་དྭ་ཕྲུག”གི་དོན་རྐྱེན་བཟོས་སྟབས་ཕ་མ་སྤུན་མཆེད་ཁ་ཐོར་ཏེ་མི་ཡུལ་གྱི་སྐྱོ་ཤས་གནས་ཚུལ་བཟོས་པ་རེད། སུའེ་ཙེར་གྱི་《སུའུ་ལི་ཧྲི་གསར་པའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དུས་རབས་ཉི་ཤུ་པའི་ལོ་རབས་60པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་སུའེ་ཙེར་གྱི་ཚོང་པ་དང་ངན་འབྲེལ་བྱས་ནས་བོད་རིགས་བྱིས་པ་200ཙམ་རང་ཉིད་ཀྱི་ཕ་མའི་འགྲམ་ནས་བཙན་ཤེད་ཀྱིས་ཁྲིད་པ་དེ་དག“དྭ་ཕྲུག”རེད་ཅེས་རྫུན་གཏམ་བཤད་ནས་སུའེ་ཙེར་གྱི་ཁྱིམ་ཚང་དུ་བུ་ཚབ་ཏུ་ཉར་རྒྱུ་བཀོད་སྒྲིག་བྱས་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བྱེད་སྤྱོད་དེ་མི་ཆོས་ལས་མངོན་སུམ་འཛེམ་མེད་ངང་འགལ་བ་དང་བྱིས་པའི་ཁེ་དབང་རྡོག་རོལ་ཚབས་ཆེན་བཏང་བ་དེ་ནི་མིའི་རིགས་ཀྱི་དྲང་བདེན་དང་གཤིས་བཟང་ཐད་བཟོད་ཐབས་བྲལ་བ་རེད་ཅེས་བསྟན་ཡོད།
         ད་དུང་རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་དབང་གྲགས་སྲུང་ཆེད་རང་ཁོངས་མིན་པའི་གྲས་ཕྱིར་འབུད་བྱས་ལ། ཆབ་སྲིད་དང་་ཆོས་ལུགས་ཐོག་བསམ་འཆར་མི་འདྲ་བ་ཡོད་མཁན་ལ་ལྐོག་གསོད་དང་དུག་སྐྱོན་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་དང་། ཆབ་སྲིད་དང་ཆོས་ལུགས་ཀྱི་གནོད་འཚེ་བཏང་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པའི་མཇུག་ཏུ་ཀུན་བདེ་གླིང་གི་སྤྲུལ་སྐུར་ཁྱིམ་དུ་གྲི་བརྒྱབ་ནས་རྨས་སྐྱོན་ལྕི་པོ་བཏང་བ་དང་། ན་གཞོན་གྱི་ཁྲི་བྱང་དང་སུམ་པ་སྤྲུལ་སྐུ་གཉིས་ལ“གསོད་བརྡ་བཏང་བ”རེད། དོན་རྐྱེན་དེ་དག་ཚང་མ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ཐད་ཀའི་འབྲེལ་བ་ཡོད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།