འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་པ་མས་རྒྱལ་ཚོགས་ལ་དབྱི་སི་ལན་རྒྱལ་ཁབ་ཟེར་བར་རྡུང་རྡེག་གཏོང་བའི་དབང་ཆ་
    སྤྲོད་རྒྱུའི་རེ་ཞུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཨ་རིའི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས༡༠ཉིན་ཨ་རིའི་ཙུང་ཐུང་ཨོ་པ་མས་རྒྱལ་ཚོགས་ལ་ཨ་རིའི་དམག་དོན་སྟོབས་ཤུགས་སྤྱོད་རྒྱུའི་འཆར་གཞི་གསར་པ་དེ་སྤྲད་ཡོད་པ་རེད། གཞན་ཡང་གནས་ཚུལ་སྤེལ་བར་གཞིགས་ན། འཆར་གཞི་གསར་པའི་ནང་། ཨ་རི་སྲིད་གཞུང་གིས་དབྱི་རག་གི་མངའ་ཁོངས་ས་ཆ་མང་པོ་བཙན་བཟུང་བྱེད་མཁན་དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོལ་སྒྲིག་འཛུགས་ལ་དམག་རྒྱག་རྒྱུའི་རྣམ་པ་བསྟན་ཡོད།
          རྒྱལ་ཚོགས་ཀྱི་དཔོན་རིགས་ཞིག་གིས་བསྟན་པར་གཞིགས་ན། ཨོ་པ་མས་རྒྱལ་ཚོགས་ལ་ལོ་གསུམ་རིང་བྱ་སྤྱོད་ཞིག་སྤེལ་བའི་དབང་ཆ་སྤྲད་རྒྱུར་རེ་ཞུ་བྱས་ཏེ། སྐབས་རྗེས་མའི་ཙུང་ཐུང་གིས་མུ་མཐུད་ཙུང་ཐུང་གི་དབང་ཆ་སྤྱད་ནས་དབྱི་སི་ལན་རྒྱལ་ཁབ་ཟེར་བར་རྡུང་རྡེག་གཏོང་རྒྱུར་སྟབས་བདེ་བསྐྲུན་ཆེད་ཡིན་ཞེས་བསྟན་ཡོད་པ་དང་། དཔོན་རིགས་དེས་ཨའོ་པ་མའི་བྱ་ཐབས་དེ་ནི་དམག་འཁྲུག་ནང་ཞུགས་ཆེད་སྟོང་ཆ་བཞག་པ་ཞིག་ཡིན་པ་ལས། རྒྱལ་ཚོགས་ཀྱིས་ཁོང་ལ་དབང་ཆ་སྤྲད་ནས་ཨ་རིའི་ས་ཐོག་དཔུང་སྡེ་ཕྱི་རྒྱལ་དུ་དམག་འཁྲུག་ནང་ཞུགས་པའི་དུས་ཚོད་རིང་དུ་གཏོང་ཆེད་མིན་ཞེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།