འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་རེས་སྐོར་གསུམ་པའི་ཆེད་སྤྱོད་སྐོར་ཞིབ་བྱས་པའི་
    ལན་ཆ་ཡོངས་སུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ༢པའི་ཚེས༡༠ཉིན་གྱི་ཆུ་ཚོད་བདུན་ཐོག ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་ཐོག་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་དང་རིག་གནས་པུའུ། ལྷོ་ཕྱོགས་མཁའ་འགྲུལ་ཚོགས་ཁག་དང་ཁོར་ཡུག་སྲུང་སྐྱོབ་པུའུ་བཅས་ལ་སྐོར་ཞིབ་བྱས་པའི་གནས་ཚུལ་གྱི་ལན་ཆ་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་བར་དུ། སྤྱི་ལོ༢༠༡༤ལོའི་ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་རེས་སྐོར་གསུམ་པའི་ཆེད་སྤྱོད་སྐོར་ཞིབ་བྱས་པའི་ལས་ཁུངས་བཅུ་གསུམ་གྱིས་ལན་ཆ་སྤྲད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། སྤྱི་ཟླ༢པའི་ཚེས༨ཉིན་ནས་ཚེས༩ཉིན་བར། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་མི་དང་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཞའོ་ཧོང་ངམ་སྐོར་ཞིབ་ཚོ་ཆུང་གི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པས་སྐོར་ཞིབ་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ལས་དོན་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། སྐོར་ཞིབ་ཚོ་ཆུང་གི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པས་ཆེད་སྤྱོད་སྐོར་ཞིབ་གནས་ཚུལ་ལ་ལན་ཆ་སྤྲད་ཡོད་པ་རེད། དེ་རྗེས་སུ། སྐོར་ཞིབ་ཚོ་ཆུང་གི་ཚོགས་གཙོས་སྐོར་ཞིབ་ཚོ་ཆུང་གི་ཚབ་བྱས་ནས་སྐོར་ཞིབ་ལས་ཁུངས་ཀྱི་འགོ་ཁྲིད་ཚོ་ཆུང་ལ་ལན་ཆ་སྤྲད་པ་དང་། སྐོར་ཞིབ་བྱས་པའི་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཡིས་རྣམ་པ་བསྟན་ནས་གཏན་བཤད་གནང་ཡོད་པ་རེད། སྐོར་ཞིབ་ཚོ་ཆུང་གིས་ལན་ཆ་སྤྲད་པའི་ནང་ལས་ཁུངས་བཞི་པོ་དེར་སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་སྐོར་ཤེས་ཡོད་པ་རེད། དེ་གཞན། སྐོར་ཞིབ་ཚོ་ཆུང་ཚང་མར་ད་དུང་འགོ་ཁྲིད་ལས་བྱེད་པ་འགའ་རེའི་གནད་དོན་གྱི་ཁུངས་སྣེ་འབྱོར་ཡོད་པས། གཏན་འབེབས་ལྟར་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་དང་འབྲེལ་ཡོད་སྡེ་ཁག་ནས་ཐག་གཅོད་བྱེད་ཏུ་འཇུག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།