མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ཞིང་། གྲོས་ཚོགས་ཐོག་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགུན་དཔྱིད་ཀྱི་འཚོ་བ་བཀོད་སྒྲིག་དང་ནད་གཞི་ཚབས་ཆེན་སྨན་བཅོས་སྐྱོབ་རོགས་སྔར་ལས་ལེགས་པར་བྱ་རྒྱུའི་ལས་དོན་བཀོད་སྒྲིག་དང་། ཚད་ལྡན་ཅན་གྱི་ལས་དོན་བསྒྱུར་བཅོས་བྱ་ཐབས་སྐུལ་སྤེལ་དང་དཔལ་འབྱོར་སྤུས་ལེགས་ནུས་ཆེ་རིམ་འཕར་བྱ་རྒྱུར་སྐུལ་སྤེལ་གཏོང་དོན་གཏན་འབེབས། ས་ཞིང་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་དཔལ་འབྱོར་གོང་དུ་འཕེལ་བར་འདེགས་སྐྱོར་སྔར་ལས་ནུས་ལྡན་བྱ་རྒྱུར་ཞིབ་འཇུག་བཅས་བྱས་པ་རེད།