འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གྲོང་ཚོའི་སྨན་པ་བརྒྱ་ཆའི་ལྔ་བཅུ་ཡན་གྱིས་བོད་ལུགས་གསོ་རིག་གི་ནད་བརྟག་ཐབས་
    བེད་སྤྱད་དེ་མང་ཚོགས་ཀྱི་ནད་འགོག་བཅོས་བྱེད་ཐུབ་ཀྱི་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཉིན་ཤས་གོང་སྤྱི་ལོ་2014ལོའི་ལོ་མཇུག་བར་སླེབས་དུས་བོད་ལྗོངས་སུ་གྲོང་ཚོའི་འཕྲོད་བསྟེན་མི་སྣ་ཆིག་ཁྲི་ཉིས་སྟོང་ཡོད་པ་དང་། གྲོང་ཚོའི་སྨན་པ་བརྒྱ་ཆ་ལྔ་བཅུ་ཡན་གྱིས་བོད་ལུགས་གསོ་རིག་གི་ནད་བརྟག་ཐབས་བེད་སྤྱད་དེ་མང་ཚོགས་ཀྱི་ནད་འགོག་བཅོས་བྱེད་ཐུབ་ཀྱི་ཡོད་པ་རེད།
         བསྡོམས་རྩིས་གྲངས་གཞི་ལས་གསལ་བར། སྤྱི་ལོ་2014ལོའི་བར་སླེབས་དུས་བོད་ལྗོངས་སུ་འཕྲོད་བསྟེན་མི་སྣ་ཁྱོན་ཆིག་ཁྲི་ལྔ་སྟོང་ལས་བརྒལ་བ་དང་། དེའི་ཁྲོད་གྲོང་ཚོའི་འཕྲོད་བསྟེན་མི་སྣ་ཆིག་ཁྲི་ཉིས་སྟོང་ཙམ་ཡོད་པ། ཆ་སྙོམས་གྲོང་ཚོ་རེར་ཉུང་མཐར་ཡང་འཕྲོད་བསྟེན་མི་སྣ་གཉིས་ཡོད། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་འཆར་གཞི་བྱས་ན་སྤྱི་ལོ༢༠༢༠ལོར་བརྒྱ་ཆའི་༩༥ཡན་གྱི་སྡེ་ཁུལ་དང་། ཤང་དང་གྲོང་རྡལ་གྱི་སྨན་ཁང་ཚང་མར་བོད་ལུགས་གསོ་རིག་སྨན་བཅོས་ཁང་དང་བོད་སྨན་སྒྲིག་སྦྱོར་བྱ་རྒྱུ་དང་། བརྒྱ་ཆའི་༧༥ཡན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་བོད་སྨན་ཞབས་ཞུ་མཁོ་འདོན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།