འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་པ་མས་མོ་ཁེར་དང་མཇལ་འཛོམས་གནང་ནས་ཨུ་རུ་སུར་བཀག་སྡོམ་བྱེད་ཤུགས་ཆེ་རུ་
    གཏོང་རྒྱུའི་འཇིགས་སྐུལ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། འཇར་མན་གྱི་མེ་ལོང་ཞེས་པའི་དུས་དེབ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་གྱི་ཙུང་ལི་མོ་ཁེར་སྤྱི་ཚེས་དགུ་ཉིན་ཨ་རིར་འཚམས་འདྲིར་ཕེབས་པ་དང་། ཝ་ཧྲིང་ཏོན་དུ་ཨ་རིའི་ཙུང་ཐུང་ཨོ་པ་མ་དང་གྲོས་མོལ་གནང་ཡོད་པ་རེད། གྲོས་མོལ་ཚར་རྗེས་མཱོ་ཁེར་གྱིས་ཕྱོགས་གཉིས་པོའི་བར་ཝུ་ཁེ་ལན་ལ་དྲག་ཆས་མཁོ་འདོན་བྱེད་མིན་སྐོར་ལ་འགལ་བ་ཡོད་པ་དང་། འབད་བརྩོན་ཆེན་པོ་བྱས་པར་འབྲས་བུ་ཐོབ་མེད་རུང་། ཁོང་གིས་ཕྱི་འབྲེལ་བྱ་ཐབས་བརྒྱུད་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད། ཨོ་པ་མས། ཨུ་རུ་སུས་བཙན་འཛུལ་བྱེད་མཚམས་མ་བཞག་བར་དུ། ཨུ་རུ་སུར་བཀག་སྡོམ་མུ་མཐུད་ནས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་དང་། དམག་དོན་ཐོག་ནས་ཝུ་ཁེ་ལན་ལ་རྒྱབ་སྐྱོར་བྱ་རྒྱུ་ད་དུང་ཐག་གཅོད་མེད་ནའང་། ཝུ་ཁེ་ལན་དམག་དོན་གྱིས་ཨུ་རུ་སུ་ལས་རྣམ་པ་རྒྱལ་བའི་ངེས་པ་ཤིན་ཏུ་ཆུང་ཞེས་གསུངས་ཡོད། ཁོང་གིས་ད་དུང། གལ་སྲིད་གཟའ་འཁོར་འདིའི་ཕྱི་འབྲེལ་འབད་བརྩོན་བྱས་པར་གྲུབ་འབྲས་གང་ཡང་མ་ཐོབ་ན། ཨ་རི་དང་ཡོ་རོབ་མནའ་འབྲེལ་གྱིས་མཉམ་དུ་སྟོབས་དང་ལྡན་པའི་ལན་ཞིག་སྤྲོད་རྒྱུ་ཡིན་ཞེས་པའི་འཇིགས་སྐུལ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།