འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དུས་ཆེན་གོང་གི་ཁྲོམ་རའི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་12ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་དུས་ཆེན་གལ་ཆེན་རིང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་ཆེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་དང་། བཟོ་ཚོང་ཅུས། སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་བཟའ་བཅའ་དང་སྨན་རྫས་ཁྲོམ་རར་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་བཟའ་བཅའ་དང་སྨན་རྫས་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དང། བཟའ་བཅའ་དང་སྨན་རྫས་ཚོང་གཉེར་ཁེ་ལས་ཀྱིས་ཁྲིམས་ལྟར་གཉེར་སྐྱོང་བྱ་རྒྱུར་ཤུགས་སྣོན་ཐེབས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་སྤྱོད་བདེ་འཇགས་འགན་ལེན་བཅས་བྱུང་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་བྱེད་རིང་ཚོགས་ཆུང་གཉིས་སུ་བགོས་ནས་ཞབས་ཞུ་ཚན་པའི་འོས་བབ་ཐོབ་ཐང་དང་། ཚོང་ཟོག་འཐེན་པའི་རྩིས་ཁྲ། ལས་གཉེར་མི་སྣའི་བདེ་ཐང་གནས་ཚུལ། དངོས་ཟོག་ཉོ་སྒྲུབ་ཀྱི་ཐབས་ལམ། འཛིན་ཡིག་བླངས་མིན་སོགས་ཀྱི་ནང་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཡོད། དེ་དང་ཆབས་ཅིག་ཞིབ་བཤེར་ཚོགས་ཆུང་གིས་རང་འགུལ་ངང་འབྲེལ་ཡོད་ཚན་པར་བཟའ་བཅའ་དང་སྨན་རྫས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་ཁོང་ཚོའི་འགན་འཁྲིའི་འདུ་ཤེས་དང་རང་གཅུན་འདུ་ཤེས་ཟབ་ཏུ་བཏང་བ་རེད། ཞིབ་བཤེར་ཚོགས་ཆུང་གིས་བཟའ་བཅའ་དང་སྨན་རྫས་རིགས་9དང་སྣ་ཁ་16ལ་བརྟག་བཤེར་རྣམ་གྲངས་7གྱི་ཞིབ་བཤེར་བྱས་པས་ཚང་མ་གཏན་འབེབས་དང་མཐུན་ཡོད་ཅིང་། གཙང་སྦྲ་ཞན་པའི་བཟའ་བཏུང་ཞབས་ཞུའི་ཚན་པ་ཞིག་ལ་ཁྲིམས་ལྟར་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཞིབ་བཤེར་བྱེད་རིང་ཁེ་ལས་མང་ཆེ་བས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཚད་ལྡན་ངང་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད།
           བཟའ་བཅའ་དང་སྨན་རྫས་དེ་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། སྲིད་གཞུང་གི་གཟུགས་བརྙན་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད། ཞིབ་བཤེར་ཚོགས་ཆུང་གིས་འབྲེལ་ཡོད་ཁེ་ལས་ལ་ངེས་པར་དུ་ནང་ཁུལ་དོ་དམ་ལ་ཤུགས་སྣོན་དང་འགན་འཁྲི་ཨང་དང་པོ་ཁུར་ཏེ་བཟའ་བཅའ་དང་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས། བོད་རང་སྐྱོང་ལྗོངས་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་ཁག་གིས་དུས་ཆེན་རིང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཆེན་གོང་བཟའ་བཅའ་དང་སྨན་རྫས་ཁྲོམ་རར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་གཏོད་དེ་སྤྱི་དམངས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་དང་མི་དམངས་མང་ཚོགས་སྤྲོ་སྣང་ལྡན་ལ་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་ཐུབ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།