འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2014 ལོར་ཀན་ལྷོ་ཁུལ་གྱི་འགོ་ཁྲིད་ལས་བྱེད་པ་109ལ་འགན་འཁུར་འདྲི་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་11ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། 2014ལོར་ཀན་ལྷོ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་༼ ཀན་ལྷོ་ཁུལ་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ འགན་ཁུར་འདྲི་གཅོད་བྱེད་ཐབས་ཀྱི་ཚོད་ལྟའི་ལག་ལེན་ ༽ལྟར། ཏང་སྲོལ་དང་སྒྲིག་ཁྲིམས་ལས་འགལ་བའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་109 ལ་ཡོངས་བསྒྲགས་ངང་སྐྱོན་བརྗོད་དང་། སྒྲིག་ལམ་གྱི་ཆད་པ་གཅོད་པ། བསླབ་བྱ་གནང་བ། ཁ་བརྡ་བྱེད་པ། ཡིག་ཐོག་ཞིབ་བཤེར་བཅས་བྱས་པ་རེད། དེའི་ནང་དུ་དབུལ་སྐྱོར་མ་དངུལ་རང་སོར་བཞག་པའི་མི་ཉི་ཤུ་དང་། ཆེད་དོན་མ་དངུལ་སྒེར་སྤྱོད་བྱས་པའི་མི་བརྒྱད། སྒྲིག་སྲོལ་དང་འགལ་བའི་ཚོང་གཉེར་ཁེ་ལས་གཉིས། སློབ་ཁྲིད་འགན་འཁུར་གྱི་ཆག་སྒོ་བྱུང་བའི་མི་གསུམ། ནོར་སྲིད་མ་དངུལ་རྫུན་ལེན་བྱས་པའི་མི་ཉེར་གཅིག  སྒྲིག་ལམ་དང་འགལ་བ་དང་གཞུང་འཁོར་སྒེར་སྤྱོད། ཆང་འཐུང་ནས་དོན་ངན་བསྒྲུབས་པའི་མི་ང་གཅིག  འགན་འཁུར་གཙོ་བོ་དམིགས་སར་འབྱོར་མེད་པའི་མི་བཞི་སོགས་ཚུད་ཡོད་པ་རེད། ༼  ཀན་ལྷོའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་རིན་ཆེན་སྐྱིད་ཀྱིས།  ༽
      

    ཕྱོགས་བསྡུས་གསར་འགྱུར།