འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་འཇིགས་སྐུལ་གཏུམ་སྤྱོད་ཀྱི་འབྲེལ་ཡོད་ཁུངས་སྣེ་ཐེར་འདོན་བྱས་ཚེ་
    བྱ་དགའི་དངུལ་སྒོར་ཁྲི་30སྤྲོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཉེ་ཆར་བོད་ལྗོངས་ཀྱིས་<<མང་ཚོགས་ཀྱིས་གཏུམ་སྤྱོད་འཇིགས་སྐུལ་གྱི་ཁུངས་སྣེ་ཐེར་འདོན་བྱེད་པར་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལག་བསྟར་བྱེད་ཐབས་>>ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། <<བྱ་དགའི་བྱེད་ཐབས་>>ནང་མང་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མི་དམངས་དམག་འཁྲུག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས་མང་ཚོགས་ཀྱིས་གཏུམ་སྤྱོད་འཇིགས་སྐུལ་གྱི་ཉེས་གསོག་ཁུངས་སྣེ་ཐེར་འདོན་བྱེད་པར་ལྕག་སྐུལ་བྱེད་པ་དང་འབྲེལ“ཁུངས་སྣེ་རེར་བྱ་དགའ་རེ་དང་དུས་ཐོག་ཏུ་བྱ་དགའ་སྤྲོད་པའི”བྱེད་ཐབས་བརྒྱུད་མང་ཚོགས་ཀྱིས་འཇིགས་སྐུལ་གཏུམ་སྤྱོད་ཀྱི་འབྲེལ་ཡོད་ཁུངས་སྣེ་ཐེར་འདོན་བྱས་ཚེ་བྱ་དགའ་ཆེས་མཐོ་བ་ལ་དངུལ་སྒོར་ཁྲི་30སྤྲོད་རྒྱུ་ཡིན་པ་རེད།
         མང་ཚོགས་ཀྱིས་འཇིགས་སྐུལ་གཏུམ་སྤྱོད་ཀྱི་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་བྱུང་རྗེས“110”གྱི་ཉེན་བརྡའི་ཁ་པར་རྒྱག་པའམ་ཡང་ན་ཐད་ཀར་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྡེ་ཚན་དང་། མངགས་གཏོང་ཁང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། སྤྱི་བདེའི་ཞིབ་བཤེར་ས་ཚིགས་སོགས་སྤྱི་བདེ་ལས་ཁུངས་ཀྱི་ལས་སྒྲུབ་ས་ཚིགས་སུ་བསྐྱོད་ནས་ལས་སྒྲུབ་མི་དམངས་ཉེན་རྟོག་པར་ཐེར་འདོན་སྙན་སེང་ཞུ་ཆོག་པ་རེད།
         གཞན་<<བྱ་དགའི་བྱེད་ཐབས>>ནང་སྤྱི་བདེ་ལས་ཁུངས་ཀྱིས་ཐེར་འདོན་པའི་བདེ་འཇགས་འགན་ལེན་བྱེད་པ་དང་དུས་མཚུངས་ཐེར་འདོན་གྱི་མིང་ཐོག་ནས་མི་གཞན་ལ་བསྙོན་འཛུགས་ཞུ་སྦྱོར་དང་མ་ཉེས་ཁ་གཡོགས། འཇིགས་སྐུལ་གྱི་ཆ་འཕྲིན་རྫུས་མ་བཟོ་བ་དང་བརྒྱུད་སྤེལ། ཉེན་ཚུལ་རྫུན་ཞུ་བཅས་བྱས་ཚེ་ཁྲིམས་ལུགས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད་པ་རེད།

      

    ཕྱོགས་བསྡུས་གསར་འགྱུར།