འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་ཀྲུང་གོའི་གཞོན་ནུའི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་གསར་གཏོད་
    ཇུས་འགོད་འགྲན་བསྡུར་ཆེ་མོ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དང་པོའི་ཀྲུང་གོའི་གཞོན་ནུའི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་གསར་གཏོད་ཇུས་འགོད་འགྲན་བསྡུར་ཆེ་མོ་དེ་2014ལོའི་སྤྱི་ཟླ་5ཚེས་7ཉིན་ནས་བྱེད་འགོ་ཚུགས་པ་དང་། མཐོ་སློབ་37དང་འགྲན་ཞུགས་ཚོགས་པ་111གི་བརྩམས་ཆོས་140ལྷག་ཙམ་འགྲན་རྩོད་ནང་ཞུགས་པ་རེད། འགྲན་ཞུགས་བརྩམས་ཆོས་དེ་དག་གིས་ལྗང་མདོག་རང་བཞིན་གཏོད་རྒྱུ་གསར་གཏོད་ཀྱི་ལྟེ་བ་དང་། ལྗང་མདོག་ལག་རྩལ་གཏོད་རྒྱུ་གསར་གཏོད་ཀྱི་ཁྱད་ཆོས། ལྗང་མདོག་ཁོ་ན་བསྐྲུན་རྒྱུ་ཇུས་འགོད་ཀྱི་བཀྲག་མདངས་འཚེར་ས་བཅས་སུ་བཟུང་ནས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་རླངས་འཁོར་གཏོད་རྒྱུ་དམིགས་ཡུལ་དུ་བྱས་ཡོད་པ་རེད།
         2015ལོའི་སྤྱི་ཟླ་1ཚེས་31ཉིན་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་རིགས་གཅིག་མཁས་ཅན་ལྔ་ཡིས་རླངས་འཁོར་ཧྲིལ་པོ་དང་། གཟུགས་དབྱིབས། ནུས་རྒྱུ་གསར་པ། རིག་ནུས་ཅན། རྒྱུ་ཆ་བཅས་ཕྱོགས་ལྔའི་ཐད་ནས་སློབ་མའི་ཚོགས་པ་དགུའི་བརྩམས་ཆོས་10ལ་དྲི་འདོན་དཔྱད་གླེང་བྱས་པ་དང་། ཐེངས་འདིའི་འགྲན་བསྡུར་ཆེ་མོ་འདི་ནི་ཤར་རླུང་སྤྱི་ཕན་ཐེབས་རྩ་ཚོགས་པས་གཉེར་འགོ་བཙུགས་ཤིང་། ལོ་གཉིས་ནང་ཐེངས་རེ་གཉེར་རྩིས་ཡོད་པ་རེད། འགྲན་ཆེན་ཐོག་སྒོར་ཁྲི་100ཡི་བྱ་དགའི་དངུལ་བཀོད་སྒྲིག་བྱས་ནས་ཕུལ་བྱུང་ཚོགས་པའི“ལྗང་མདོག་གསར་གཏོད་བྱ་སྤྱོད”ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།