འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་རྒྱུད་ཀྱི་ལྕགས་ལམ་འཁོར་སྒྲིག་ས་ཚིགས་ཆེ་ཤོས་ཀྱི་ནུས་བསྐྱེད་སྒྱུར་བཀོད་ལས་གྲྭའི་
    ལས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་8དང་སྐར་མ་27ཐོག་ལམ་རྟོག་མེ་འཁོར་ཨང་དང་པོ་F5206བདེ་འཇགས་ངང་གསར་དུ་ཤར་གཏོང་ཐུབ་པའི་ལྕགས་ལམ་15པའི་ཐོག་གཏོང་འགོ་ཚུགས་པ་དེ་ཐོག་ནས་དུས་ཡུན་ཟླ་15ཡི་ཤིན་ཧྥུང་གྲོང་རྡལ་འཁོར་སྒྲིག་ས་ཚིགས་ནུས་བསྐྱེད་སྒྱུར་བཀོད་ལས་གྲྭ་བདེ་བླག་ངང་ལས་མཇུག་འགྲིལ་བ་མཚོན་ཡོད་པ་རེད། རང་རྒྱལ་ནུབ་རྒྱུད་ཀྱི་ལྕགས་ལམ་འཁོར་སྒྲིག་གི་ས་ཚིགས་ཆེ་ཤོས་ཡིན་པའི་ངོས་ནས་ཤིན་ཧྥུང་གྲོང་རྡལ་འཁོར་སྒྲིག་ས་ཚིགས་ནུས་བསྐྱེད་བྱས་རྗེས་ཉིན་རེར་ཆ་སྙོམས་དོས་སྐྱེལ་མེ་འཁོར་བཀོད་གཏོང་བྱེད་ཚད་ཁྲི་3ལས་བརྒལ་རྒྱུ་ཡིན་པ་དང་། ཤར་ནུབ་ཀྱི་ཟོག་འགྲེམས་བགྲོད་ལམ་ཤར་བགྲོད་དང་། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཅས་ཀྱི་ཐད་སྲ་ཞིང་བརྟན་པའི་སྐྱེལ་འདྲེན་འགན་ལེན་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།