འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅༎།སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་གོ་རིམ་ལྡན་པའི་ངང་སླར་གསོ་
    བསྐྱར་སྐྲུན་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་04ཉིན། 08:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་རྡོ་མཁར་རྫོང་གནའ་གྲོང་སླར་གསོ་བསྐྱར་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། བཀོད་འདོམས་པུའུ་ཡིས་ནུས་ཤུགས་ཡོད་རྒུས་འབྲེལ་ཡོད་ལས་དོན་ནན་ཏན་བསྒྲུབས་ནས་གོ་རིམ་ལྡན་པའི་ངང་སླར་གསོ་བསྐྱར་སྐྲུན་བྱེད་བཞིན་ཡོད་པ་རེད།
         མིག་སྔར་གེགས་བར་བྱུང་བའི་ཚོང་དུད་260ལ་རོགས་དངུལ་སྒོར་ཁྲི་2024.55སྤྲད་པ་དང་དམངས་ཀྱི་སྡོད་ཁང་བསྐྱར་སྐྲུན་བྱ་རྒྱུའི་རེ་ཞུར་གྲོས་འཆམ་བྱུང་ནས་དུད་ཚང་60བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་རེད།
         “ལོ་རྒྱུས་ལ་བརྩི་འཇོག་དང་མི་རིགས་རིག་གནས་ལ་བརྩི་འཇོག་བྱེད་པ་དང་། ཇི་མ་ཇི་བཞིན་སླར་གསོ་དང་དོན་སྙིང་ངོ་མ་ལྡན་པ་བྱེད་པ། དེ་སྔ་ལྟར་བསྐྱར་སྐྲུན་དང་དེ་སྔའི་རྣམ་པ་མངོན་པ་བྱེད་པ། རྙིང་ཁྲོད་གསར་མངོན་དང་ཁྱད་ཆོས་མཚོན་པ་བྱེད་པ། བསྐྱར་སྐྲུན་དང་ལེགས་གཏོང་གལ་ཆེན་མཉམ་འཛིན་བྱེད་པ”བཅས་ཀྱི་རྩ་དོན་དང་བྱེད་ཕྱོགས་གཞིར་བཟུང་<<སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་དུ“1•11”མེ་སྐྱོན་ཐོན་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་>>(དུས་ཡུན་ལོ་3དང་མ་དངུལ་སྒོར་དུང་ཕྱུར་12.227གཏོང་རྒྱུ)འཕྲལ་མར་བཟོས་པ་རེད། བཀོད་འདོམས་པུའུ་ཡིས་སྤྱིའི་འཆར་འགོད་མཛུབ་ཁྲིད་དུ་བྱས་ནས་པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཁུན་མིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་བཅས་ཀྱི་འཆར་འགོད་ཇུས་འགོད་ཞིབ་འཇུག་ཡོན་ལ་མངགས་བཅོལ་བྱས་ནས་མཉམ་འབྲེལ་ཐོག་<<སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་དུ་མེ་སྐྱོན་ཐོན་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་>>དང་། <<སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་དུ་མེ་སྐྱོན་ཐོན་རྗེས་སླར་གསོ་བསྐྱར་སྐྲུན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད>> <<སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་གནའ་གྲོང་དུ་མེ་སྐྱོན་ཐོན་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་གྲོང་མིའི་སྡོད་ཁང་སླར་གསོ་དང་སྒྱུར་བཀོད་ཀྱི་འཛུགས་སྐྲུན་འཆར་འགོད་>>བཅས་སྒྲིག་བཟོ་བྱས་པ་རེད། ཡུན་ནན་ཞིང་ཆེན་གྲོང་ཁྱེར་གྲོང་གསེབ་འཆར་འགོད་ཇུས་འགོད་ཡོན་ལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཇུས་འགོད་དང་ཨར་རྒྱག་རི་མོ་ཐོག་མ་ཇུས་འགོད་བྱ་རྒྱུའི་མངགས་བཅོལ་བྱས་པ་དེ་ན་ནིང་གི་ཟླ་6ཚེས་17ཉིན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ་རིགས་གཅིག་མཁན་ཅན་གྱིས་ཞིབ་བཤེར་བྱས་པ་དང་། ན་ནིང་གི་ཟླ་7ཚེས་13ཉིན་དཔེ་རིས་སྔོན་པོའི་འཆར་གཞི་དེ་བཀོད་འདོམས་པུའུ་ལ་དངོས་སུ་རྩིས་སྤྲོད་བྱས་པ། 2014ལོའི་ཟླ་8ཚེས་20ཉིན་རྣམ་གྲངས་ཀྱི་རིན་གོང་གསལ་བཀོད་ལས་དོན་ལེགས་གྲུབ་ཟིན་པ་བཅས་རེད། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་ལ་མངགས་བཅོལ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭའི་རིན་གོང་བློ་འདྲིའི་ལས་དོན་དེ་ལེགས་གྲུབ་ཟིན་པ་མ་ཟད། བློ་འདྲིའི་གྲུབ་འབྲས་ཀྱི་སྙན་ཞུའི་ཡི་གེའང་ཕུལ་བ་དང་མིག་སྔར་མེ་ཤོར་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཇུག་རྩིས་རྒྱག་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། གནའ་གྲོང་སླར་གསོ་བསྐྱར་སྐྲུན་གྱི་ས་ཆུ་སྲུང་འཛིན་ཇུས་གཞི་དེ་2014ལོའི་ཟླ་11ཚེས་11ཉིན་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་ཐན་ཤིན་ཁོར་ཡུག་གདེང་འཇོག་ཀུང་སིར་གནའ་གྲོང་སླར་གསོ་བསྐྱར་སྐྲུན་གྱི་ཁོར་ཡུག་གདེང་འཇོག་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།
         སླར་གསོ་བསྐྱར་སྐྲུན་བྱ་རྒྱུའི་ལམ་བུ་13ཁྲོད་ནས་ད་ལོར་ལམ་བུ་11སྤྱིར་ན་ལས་མཇུག་འགྲིལ་རྒྱུའི་འཆར་གཞི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།