མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་
ཚོགས་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་31ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་30ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་རེད། 
      གྲོས་ཚོགས་ཐོག་༼2014ལོའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ལས་དོན་སྐོར་གྱི་ཕྱོགས་བསྡོམས་སྙན་ཞུ་༽ཞེས་པ་དང་། ༼ཀྲུང་དབྱང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་2015ལོའི་ལས་དོན་གཙོ་བོ་༽ཞེས་པ། ༼ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་ཚོགས་ཐེངས་བཞི་པའི་གཏན་འབེབས་ལག་ལེན་མཐའ་ཕྱིན་བསྟར་རྒྱུའི་བྱ་ཐབས་གལ་ཆེན་དང་2015ལོའི་ལས་དོན་གཙོ་བོ་༽ཞེས་པ་བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་བ་རེད། 
     གྲོས་ཚོགས་ཐོག་སང་ལོ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་འགག་ཆེ་བའི་ལོ་ཡིན་པས། ངར་ཤུགས་སྐུལ་བ་ལས་ཉམས་སུ་འཇུག་མི་རུང་། ས་ཁུལ་ཁག་དང་སྡེ་ཁག་ཁག་ཚང་མས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་པའི་རིང་གི་ལས་དོན་ལ་ཕྱི་མིག་ནན་ཏན་བལྟས་ནས་ཉམས་མྱོང་ཕྱོགས་བསྡོམས་དང་། མི་འདང་ས་བཙལ་འཚོལ། ཆོས་ཉིད་འཚོལ་ཞིབ་བཅས་བྱས་ཏེ་ཕྱིན་ཆད་ཀྱི་བསྒྱུར་བཅོས་ལས་དོན་ལ་དགེ་མཚན་ལྡན་པའི་ཆ་རྐྱེན་གསར་སྐྲུན་བྱ་དགོས་པ་དང་། འགན་འཁུར་བའི་བསམ་པ་དང་། གནད་དོན་གནས་པ་རྟོགས་ཤིང་ཐག་གཅོད་པའི་བསམ་པ།དཀའ་གནད་སྒྲོལ་བའི་བསམ་པ་བཅས་ལྡན་ཤུགས་ཆེ་རུ་གཏོང་དགོས། སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། བསྒྱུར་བཅོས་ལས་འགན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུར་དམ་འཛིན་ལེགས་པོ་བྱེད་པ་དང་། བསྒྱུར་བཅོས་ཀྱི་རྒྱུད་རིམ་ལྡན་པའི་རང་བཞིན་དང་། ཁྱོན་ཡོངས་ཀྱི་རང་བཞིན། མཉམ་སྒྲུབ་ཀྱི་རང་བཞིན་བཅས་ལ་མཐོང་ཆེན་པོ་སྔར་ལས་ལྷག་པར་བྱ་དགོས་པ་དང་། མཚོན་བྱེད་ཀྱི་རང་བཞིན་དང་མཚམས་སྦྱོར་གྱི་རང་བཞིན་ལྡན་པའི་ནུས་པ་ཐོན་པའི་བསྒྱུར་བཅོས་བྱ་ཐབས་ཁ་ཤས་གཙོ་གནད་དུ་བཟུང་སྟེ་བཏོན་ནས་འགག་སྒྲོལ་དཀའ་སེལ་བྱ་དགོས་པའི་དཀའ་གནད་རྙེད་ཐབས་དང་། བསྒྱུར་བཅོས་ལམ་དུ་གནས་པའི་དཀའ་གནད་དང་ཉེན་ཁ་གསལ་པོར་རྟོགས་པར་བྱས་ཏེ་ས་ཁོངས་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བའི་བསྒྱུར་བཅོས་བྱ་བ་གལ་ཆེན་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ངར་ཤུགས་གཅིག་སྒྲིམ་དང་སྨྱུག་མ་གཤག་པ་ནང་བཞིན་ཐོགས་ཐུག་མེད་པར་བསྒྱུར་བཅོས་ཀྱི་དཀའ་གནད་དག་ལས་སྒྲོལ་བར་བྱ་དགོས་ཞེས་བསྟན་པ་རེད། 
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཁེ་ཆང་དང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་པ་རེད།