མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་དུ་ཨེ་པོ་ལ་ཁྲག་ཐོན་ཚ་ནད་འགོག་བཅོས་བྱེད་པར་
རོགས་སྐྱོར་གནང་བར་ཕེབས་པའི་ཀྲུང་གོའི་སྨན་བཅོས་རུ་མི་ཡོངས་ལ་
འཚམས་འདྲིའི་འཕྲིན་ཡིག་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་31ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་གླིང་དུ་ཨེ་པོ་ལ་ཁྲག་ཐོན་ཚ་ནད་འགོག་བཅོས་བྱེད་པར་རོགས་སྐྱོར་གནང་བར་ཕེབས་པའི་ཀྲུང་གོའི་སྨན་བཅོས་རུ་མི་ཡོངས་ལ་འཚམས་འདྲིའི་འཕྲིན་ཡིག་གནང་སྟེ་ཁོང་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་བ་དང་།སྨན་བཅོས་རུ་མི་ཡོངས་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
      ཞིས་ཅིན་ཕིང་གིས་ཁྱེད་ཚོས་འགན་འཁྲི་ཡིད་འཇགས་དང་། ཡང་འབད་བསྐྱར་འབད་བྱས་ཏེ་“རིམས་ནད་ལས་རྒྱལ་བ་དང་རིམས་ནད་འགོས་མཁན་མེད་”པའི་དམིགས་ཡུལ་མངོན་འགྱུར་ཧུར་ཐག་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་བར་གྱི་མཛའ་བཤེས་ཇེ་ཟབ་ཡོང་བར་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་བྱེད་ཀྱི་ཡོད་པ་དང་། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་རྣམ་པར་རྒྱལ་བའི་ངང་ནས་ལོག་ཕེབས་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།