འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་༢༤༠ལ་
    དགུན་དུས་ཀྱི་གུང་གསེང་བཏང་སྟེ་རང་ཡུལ་དུ་ལོག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་17ཉིན། 08:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་༢༤༠ལ་
དགུན་དུས་ཀྱི་གུང་གསེང་བཏང་སྟེ་རང་ཡུལ་དུ་ལོག་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༥ཉིན་སི་ཁྲོན་ཞིང་ཆེན་དར་རྩེ་མདོ་ལྷ་སྒང་ཤང་གི་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་རིམ་དགུ་པའི་སློབ་མ་༢༤༠ཡི་འདི་ལོའི་སློབ་དུས་ཀྱི་སློབ་ཁྲིད་མཇུག་རྫོགས་པས། སློབ་མ་ཚོར་དགུན་དུས་ཀྱི་གུང་གསེང་བཏང་ནས་སོ་སོའི་རང་ཡུལ་དུ་ལོག་པ་རེད། དར་རྩེ་མདོར་ས་ཡོམ་བརྒྱབ་རྗེས་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་རིམ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་མ་ཚོར་སྔ་སྣུར་དུ་དགུན་དུས་ཀྱི་གུང་གསེང་བཏང་བ་ཕུད། སློབ་རིམ་དགུ་པའི་སློབ་མ་༢༤༠ཡིས་མུ་མཐུད་དུ་གུར་དང་སྟབས་བདེ་སློབ་ཁང་ནང་དུ་སློབ་ཁྲིད་བྱས་པ་དང་སློབ་མཇུག་གི་ཡིག་ཚད་ཀྱང་བཏང་བ་རེད།
    ༄༅།།དར་རྩེ་མདོ་ས་ཡོམ་གེགས་ཁུལ་གྱི་མི་ཉག་རྫོགས་ཆེན་སློབ་གྲྭའི་སློབ་མ་༢༤༠ལ་
དགུན་དུས་ཀྱི་གུང་གསེང་བཏང་སྟེ་རང་ཡུལ་དུ་ལོག་པ།
      

    ཕྱོགས་བསྡུས་གསར་འགྱུར།