འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་གསེབ་ཚོང་ལས་དངུལ་ཁང་གི་མ་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་འབུམ་
    གཅིག་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༥ཉིན་ཀྲུང་གོའི་དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཟུར་གསལ་བྱས་པ་ལྟར་ན། སྤྱི་ལོ་༢༠༡༤ལོའི་ཟླ་༩པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཁྱོན་གྲོང་གསེབ་ཚོང་ལས་དངུལ་ཁང་༦༥༩ཙམ་འཛུགས་སྐྱོང་བྱས་ཡོད་པ་དང་། དངོས་སུ་ལག་སོན་བྱུང་བའི་མ་རྩ་ནི་སྒོར་དུང་ཕྱུར་སུམ་སྟོང་བཞི་བརྒྱ་དང་བྱེ་བ་གསུམ་ཡིན་པ་དང་། རྒྱུ་ནོར་གྱི་གཞི་ཁྱོན་ནི་སྒོར་དུང་ཕྱུར་ཆིག་འབུམ་བཞི་སྟོང་ཡིན་པ། དངུལ་བུན་ཁག་ནི་སྒོར་དུང་ཕྱུར་ལྔ་ཁྲི་བཞི་སྟོང་ཙམ་རེད་འདུག དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས། གྲོང་གསེབ་ཚོང་ལས་དངུལ་ཁང་ནི་ཞིང་གསུམ་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ལ་འགྱུར་བཞིན་ཡོད་པ་དང་། དེའི་འཕེལ་ཕྱོགས་དང་གྲོང་གསེབ་དངུལ་རྩའི་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བའི་བླང་བྱར་དམིགས་ནས། དངུལ་ཁང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་《གྲོང་གསེབ་ཚོང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་སྒྲིག་གཞི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ལྟ་སྐུལ་དོ་དམ་གྱི་སྣེ་ཁྲིད》ཅེས་པ་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།