འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཝང་ཡང་གིས་སྤྱི་ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་བ་དང་། སྤྱི་ལོ་2014ལོའི་དབུལ་སྐྱོར་གསར་སྤེལ་ལས་དོན་ཕྱོགས་བསྡོམས་དང་། སྤྱི་ལོ་2015ལོའི་གཙོ་གནད་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་གནང་ཡོད་པ་རེད།
          ཝང་ཡང་གིས། ད་ལོའི་ཚུན་དུ། ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། དབུལ་སྐྱོར་སྒྲིག་གཞི་བསྒྱུར་བཅོས་ཐད་གལ་ཆེའི་འཕེལ་རིམ་ཐོན་པ། ལོ་འགོར་གཏན་འཁེལ་བྱས་པའི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བྱེ་བ་གཅིག་ཡན་ཉུང་དུ་གཏོང་རྒྱུའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད་ཅེས་དང་། ཁོང་གིས། སྤྱི་ལོ་2020ལོར་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཟིན་པ་བྱེད་པར་ད་དུང་ཡང་ལོ་དྲུག་གི་དུས་ཚོད་ཡོད་པ་དང་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་པས། མུ་མཐུད་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ས་ཁོངས་གསར་སྤེལ་དང་དབུལ་སྐྱོར་གནད་འཁེལ་བྱ་རྒྱུ་ཟུང་འབྲེལ་བྱེད་པར་སྐུལ་འདེད། ཡིག་ཚགས་དང་ཁཱ་ཤོག་བཟོས་པའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ། གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། ཡུལ་བབ་དང་བསྟུན་ནས་དབུལ་ཕོངས་ས་ཁུལ་གྱི་ཁྱད་ལྡན་དཔལ་འབྱོར་གོང་འཕེལ་གཏོང་བ། དབུལ་ཕོངས་ས་ཁུལ་གྱི་སློབ་གསོར་ཟུར་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་ལས་རིགས་སློབ་གསོའི་ཟབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་དབུལ་སྐྱོར་གྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ནས་རྣམ་པ་མང་པོ་བརྒྱུད་དབུལ་སྐྱོར་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཏོན་གནང་འདུག
      

    ཕྱོགས་བསྡུས་གསར་འགྱུར།