འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་གོ་མི་དམངས་སྲིད་གཞུང་གི་
    འབྲེལ་གཏུག་གཞུང་ལས་ཁང་གིས་དམིགས་བསལ་སྲིད་གཞུང་དང་ཉེན་རྟོག་
    ཕྱོགས་ནས་འཁོར་ལམ་དབུས་མ་བཟུང་བའི་ཁུལ་དུ་ཁྲིམས་ལྟར་
    གཙང་སེལ་བྱས་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༥ཉིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ ཀྲུང་གོ་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་གི་མགྲིན་ཚབ་པས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱིས་ཐོང་ལོ་དབན་གྱི་འཁོར་ལམ་དཀྱིལ་མ་བཟུང་བའི་ས་ཁོངས་མཇུག་ཤོས་ཁུལ་དུ་གཙང་སེལ་བྱ་སྤྱོད་སྤེལ་བའི་ཐད་གཏམ་བཤད་གནང་སྐབས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཉེན་རྟོག་ཕྱོགས་ཀྱིས་འཁོར་ལམ་དཀྱིལ་མ་བཟུང་བའི་ཁུལ་དུ་ཁྲིམས་ལྟར་གཙང་སེལ་བྱེད་པའི་བྱ་སྤྱོད་སྤེལ་བར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
         མགྲིན་ཚབ་པ་དེས། འཁོར་ལམ་དཀྱིལ་མ་བཟུང་བའི་ཁྲིམས་འགལ་བྱ་སྤྱོད་དེ་ཉིན་༧༠ལྷག་རྒྱུན་མཐུད་སྤེལ་བ་དང་། དེས་ཁྲིམས་སྐྱོང་ལ་མངོན་སུམ་འཛེམ་མེད་ཀྱིས་རྡོག་རོལ་བཏང་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་ཚབས་ཆེན་བཏང་བ། སྤྱི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་བཟོས་པ། མངོན་གསལ་དང་མངོན་མེད་ཀྱི་ཉེན་ཁ་མང་པོ་བཟོས་པ་བཅས་བྱས་པས་དམངས་ཡོངས་ཀྱིས་ཁོང་ཁྲོ་བྱེད་ཀྱི་ཡོད། དེར་བརྟེན། འཁོར་ལམ་དཀྱིལ་མ་བཟུང་བའི་བྱ་སྤྱོད་མུ་མཐུད་ཚབས་ཇེ་ཆེར་མི་འགྲོ་བ་བྱ་རྒྱུ་དེ་ཤང་ཀང་སྤྱི་ཚོགས་ཀྱི་ཐུན་མོང་བསམ་འདུན་དང་རེ་བར་འགྱུར་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།