འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོས་སྣུམ་འཛད་སྤྱོད་དཔྱ་ཁྲལ་སླར་ཡང་བཅོས་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། རང་རྒྱལ་གྱི་བཟོས་སྣུམ་འཛད་སྤྱོད་དཔྱ་ཁྲལ་སླར་ཡང་སྤར་ཡོད་པ་རེད། སྤྱི་ཚེས་13ཉིན་ནས་བཟུང་། རླངས་སྣུམ་འཛད་སྤྱོད་དཔྱ་ཁྲལ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒོར་གཅིག་དང་སྒོར་ཟུར་གཅིག་ཕིང་གཉིས་ཀྱི་རྨང་གཞིའི་ཐོག་སྒོར་ཟུར་གཉིས་དང་ཕིང་བརྒྱད་སྤར་ནས། ཧྲེང་རེར་སྒོར་གཅིག་དང་སྒོར་ཟུར་བཞིར་སླེབས་ཡོད་པ་རེད། ཁྲའེ་ཡའུ་སྣུམ་འཛད་སྤྱོད་དཔྱ་ཁྲལ་དེ་ཧྲེང་རེར་སྒོར་ཟུར་དགུ་དང་ཕིང་བཞིའི་རྨང་གཞིའི་ཐོག་སྒོར་ཟུར་གཅིག་དང་ཕིང་དྲུག་སྤར་ནས་ཧྲེང་རེར་སྒོར་གཅིག་དང་སྒོར་ཟུར་གཅིག་ལ་སླེབས་ཡོད་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་ཆག་ཚད་ཆེན་པོ་ཡིན་པས། སྤྱི་ཚེས་13ཉིན་རླངས་སྣུམ་དང་ཁྲའེ་ཡའུ་སྣུམ་གྱི་རིན་གོང་ལེགས་སྒྲིག་བྱས་རྗེས་སིལ་ཚོང་རིན་གོང་ཚོད་རྩིས་བྱས་པར་རླངས་སྣུམ་90རྟགས་ཅན་དང་། ཁྲའེ་ཡའུ་སྣུམ་0རྟགས་ཅན་དེ་ཧྲེང་རེར་སྔར་བཞིན་ཁག་སོ་སོར་སྒོར་ཟུར་གཅིག་དང་ཕིང་གསུམ་དང་སྒོར་ཟུར་གསུམ་དང་ཕིང་བཞི་ཆག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།