འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བྱས་རྗེས་སྙན་ཞུའི་ཚོགས་འདུ་
    ཨུ་ལུམ་ཆིར་སྐོང་འཚོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༡༥ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བྱས་རྗེས་སྙན་ཞུའི་ཚོགས་འདུ་དེ་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་ཚོགས་ཁང་དུ་སྐོང་འཚོགས་བྱས་པ་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་ལས་ཁུངས་དང་། ཨུ་ལུམ་ཆི་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཤིན་ཅང་དུ་བཅའ་སྡོད་བཅིངས་གྲོལ་དམག་དང་དྲག་ཆས་ཉེན་རྟོགས་དཔུང་སྡེའི་དཔོན་དམག མཐོ་རིམ་སློབ་གྲྭའི་དགེ་སློབ་ཀྱི་འཐུས་མི་བཅས་མི་ཆིག་སྟོང་ལ་ཉེ་བས་སྙན་ཞུའི་ཚོགས་འདུར་ཞུགས་ཡོད་པ་རེད།
          ཚོགས་འདུའི་ཐོག་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཨུ་ལུམ་ཆི་ལྕགས་ལམ་ཅུད་ཧོ་ཐེན་རླངས་འཁོར་རུ་ཁག་གི་རུ་དཔོན་ཨེར་ཁེན་•རུ་ཙེ་དང་། ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོགས་དཔུང་སྡེའི་ཤིན་ཅང་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་འགོ་འཛིན་ཀྲོང་ཧྲེ་ཧྭ། བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ས་སྟེང་ཤང་འཕྲོད་བསྟེན་ཁང་གི་འགོ་འཛིན་བློ་བཟང་རྒྱན་མཚན། ཧྲེན་ཀྲེན་གྲོང་ཁྱེར་དབང་པོ་སྐྱོན་ཅན་པའི་མཐུན་ཚོགས་མ་རྐང་ཚོད་འཛིན་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་གཞོན་པ་ལིའུ་ཡོང་། ཀུད་ཀྲོའུ་ཞིང་ཆེན་པིད་ཇེ་གྲོང་ཁྱེར་ཆི་ཤིན་ཀོན་ཁུལ་གྱི་སྒེར་གཉེར་དུད་ཚང་ཨ་ལིད་མུ་ཅང་•ཧ་ལིད་ཁེ་སོགས་མི་བཅུས་བརྩེ་སེམས་ཀྱིས་ཕྱུག་པའི་སྒོ་ནས་རང་སོ་སོའམ་རང་གནས་སའི་ལས་ཁུངས་དང་ས་གནས་ཀྱི་མི་རིགས་མཐུན་བསྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཁྲོད་ཀྱི་སྔོན་ཐོན་བྱས་རྗེས་དང་མྱོང་བ་དངོས་གླེང་ཡོད་པ་རེད། འཐུས་མི་བཅུ་པོ་དེ་དག་ནི་ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་བསྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་། དེ་བཞིན་རྒྱལ་ཡོངས་མི་རིགས་མཐུན་བསྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་ཁྲོད་ནས་བདམས་ཏེ་སྙན་ཞུ་ཚོགས་པའི་ནང་ཞུགས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།