འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཞི་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་
    ཨུ་ཡོན་མིང་ཐོ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་བཅུ་གཅིག་ཉིན་ཨའོ་མོན་དམིགས་བསལ་ཁུལ་གྱི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་འགོད་སྤེལ་བྱས་ནས། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྲིད་འཛིན་དཔོན་པོ་ཚུའེ་ཧྲི་ཨན་ནས་སྐབས་བཞི་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ལས་འགན་ལེགས་སྒྲུབ་གནང་ཡོད། འབྲེལ་ཡོད་སྲིད་འཛིན་བཀའ་རྒྱ་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་དང་ཉིན་དེ་རང་དུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅུ་གཅིག་གིས་འགན་བཞེས་དམ་བཅའ་འཇོག་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
          སྲིད་འཛིན་ཨུ་ཡོན་ལྷན་ཁང་ནི་སྲིད་འཛིན་དཔོན་པོར་བཀོད་ཇུས་བྱེད་རོགས་བྱེད་མཁན་གྱི་ལས་ཁུངས་ཤིག་ཡིན། སྲིད་འཛིན་དཔོན་པོ་ཚུའེ་ཧྲི་ཨན་གྱིས། བསྐོ་བཞག་གནང་བའི་ཨུ་ཡོན་ཚང་མས་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ལས་གནས་བརྟན་སྲུང་དང་སྤྱོད་གཙང་གཞུང་བཀུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། དེ་བཞིན་སེམས་ནུས་གཅིག་སྒྲིལ་ངང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཞབས་ཞུ་བཅས་སྒྲུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།