འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིས་དབྱི་རག་ལ་དམག་མི་བརྒྱ་ཕྲག་ཁ་ཤས་མངགས་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་16ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་སྨད་ཁེར་ཧྥ་ལུན་གྱིས་སྤྱི་ཚེས་13ཉིན། དབྱིན་ཇིས་ལོ་གསར་པ་ཤར་རྗེས་དབྱི་རག་ལ་དམག་མི་བརྒྱ་ཕྲག་ཁ་ཤས་མངགས་གཏོང་བྱ་རྒྱུ་དང་། ཁོང་ཚོའི་ལས་འགན་གཙོ་བོ་ནི་ས་གནས་དེ་གའི་དཔུང་སྡེར་སྦྱོང་བརྡར་བྱེད་རོགས་བྱ་རྒྱུ་དེ་ཡིན་ཞེས་བསྟན་འདུག
           དབྱིན་ཇི་སྲིད་གཞུང་དང་དམག་ཕྱོགས་ནས་མིག་སྔར་ད་ཐེངས་མངགས་གཏོང་བྱ་རྒྱུའི་དམག་མིའི་གྲངས་ཚད་ཟུར་གསལ་བྱས་མེད་པ་རེད། ཟླ་གོང་མར་དབྱིན་ཇིའི་སྨྱན་སྦྱོར་ལས་ཁུངས་ཀྱིས། དབྱིན་ཇིས་གསང་བའི་ཐོག་ནས་ས་ངོས་དཔུང་སྡེ་དབྱི་རག་ལ་མངགས་གཏོང་བྱས་ཟིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཟེར་བའི་ཐལ་སྐྱོད་དྲག་ཆས་ལ་རྡུང་རྡེག་བཏང་བ་དང་། ཐལ་སྐྱོད་དྲག་ཆས་པ་བརྒྱ་ཕྲག་ཁ་ཤས་བསད་ཡོད་པའི་གནས་ཚུལ་འགོད་སྤེལ་བྱས་འདུག
      

    ཕྱོགས་བསྡུས་གསར་འགྱུར།