འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།། མཚོ་སྔོན་གྱི་ཞིང་འབྲོག་ཁུལ་དུ“སྣེ་འཁྲིད་པའི”འཆར་གཞི་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་འཚོགས་པའི་ཞིང་འབྲོག་པའི་གཞོན་ནུ་ལས་གཏོད་གསོ་སྦྱོང་འཛིན་གྲྭའི་ཐོག་ཞིང་འབྲོག་ཁུལ་ནས་ཡོང་བའི་གཞོན་ནུ་༤༣སློབ་ཁང་ནང་བསྐྱོད་དེ་གསོ་སྦྱོང་ཁྲོད་ཞུགས་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་གཞོན་ནུ་ལས་གཏོད་ཕྱུག་འགྱུར་གྱི“སྣེ་འཁྲིད་པ”གསོ་སྐྱོང་འཆར་གཞི་དངོས་སུ་ལག་ལེན་བསྟར་བྱེད་འགོ་ཚུགས་པ་མཚོན་པ་རེད།
         གསར་འགོད་པས་ཚེས་༣ཉིན་གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། འཆར་གཞིའི་ཁྲོད་ཞིང་ཆེན་དེས“ལོ་རེར་གྲོང་ཚོ་རེར་ཉུང་མཐར་ཡང་ལས་གཏོད་སྣེ་འཁྲིད་པ་༡གསོ་སྐྱོང་བྱེད་པ་དང་། ཞིང་ཆེན་དེ་ཡོངས་ལ་ལོ་ལྟར་ཉུང་མཐར་ཡང་ལས་གཏོད་སྣེ་འཁྲིད་པ་བཞི་སྟོང་གསོ་སྐྱོང་བྱེད་པ། དུས་ཡུན་ལོ་༥སྤྱད་དེ་ལས་གཏོད་སྣེ་འཁྲིད་པ་ཁྲི་༡གསོ་སྐྱོང་བྱེད་པ་བཅས”ཀྱི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།