འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་པར་ཙིར་གྱི་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་༠༤རྟགས་ཅན་གྱིས་ལག་སོན་
    བྱུང་བའི་བརྙན་རིས་ཐོག་མ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༩ཉིན། ཀྲུང་གོའི་རྒྱལ་ཁབ་མཁའ་སྐྱོད་ཅུད་ཀྱིས་ཀྲུང་གོ་དང་པར་ཙིར་གྱི་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་༠༤རྟགས་ཅན་གྱི་སྲུང་སྐར་གྱིས་སྐྱོན་བྲལ་ངང་ལག་སོན་བྱུང་བའི་བརྙན་རིས་ཐོག་མ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད། བརྙན་རིས་དེ་དག་གསལ་ལ་མདོག་བཟང་བ་མ་ཟད། སྤུས་ཚད་ཀྱང་ལེགས་པས་ཇུས་འགོད་ཀྱི་ཚད་གཞིར་སླེབས་ཤིང་། འདི་ནི་༠༤་རྟགས་ཅན་གྱི་སྲུང་སྐར་གྱིས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་རེད། ཉིན་དེར་ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོའི་མཁའ་སྐྱོད་ཅུད་ཀྱིས་ད་དུང་རྗེས་མའི་སྲུང་སྐར་མཉམ་ལས་རྣམ་གྲངས་ཀྱི་འདོད་བློའི་ཡི་གེར་མིང་རྟགས་བཀོད་པ་རེད། ཀྲུང་གོ་དང་པར་ཙིར་གྱི་སའི་གོ་ལའི་ཐོན་ཁུངས་སྲུང་སྐར་༠༤རྟགས་ཅན་གྱི་སྲུང་སྐར་ནི་སྤྱི་ཟླ༡༢་པའི་ཚེས་༧ཉིན་ཐེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་བར་སྣང་དུ་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་མ་འོངས་པར་༠༤རྟགས་ཅན་གྱི་སྲུང་སྐར་ཀ་བའི་ཕྱོགས་ནས་མུ་མཐུད་དུ་མཉམ་ལས་བྱ་རྒྱུ་དང་། སྔོན་དཔག་བྱས་པ་ལྟར་ན་སྤྱི་ལོ་༢༠༡༧ལོའི་སྔ་རྗེས་སུ་བར་སྣང་ཏུ་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།