འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་༡༢ཚེས་༡༠ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་མེ་འཁོར་འཁོར་རྒྱུག་འཆར་གཞི་
    གསར་པ་ལག་བསྟར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་11ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཟླ་༡༢ཚེས་༡༠ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་མེ་འཁོར་འཁོར་རྒྱུག་འཆར་གཞི་
གསར་པ་ལག་བསྟར་བྱེད་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༡༢ཚེས་༡༠ཉིན་གྱི་ཆུ་ཚོད་ཀླད་སྐོར་ནས་བཟུང་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་མེ་འཁོར་འཁོར་རྒྱུག་གི་འཆར་གཞི་གསར་པ་ལག་ལེན་བསྟར་གྱི་ཡིན་པ་རེད། འཆར་གཞི་ལེགས་སྒྲིག་བྱས་རྗེས་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་ཁྱོན་ཆ་༢༦༧༣.༥ཟིན་གྱི་ཡོད་པ་དེ་འཆར་གཞི་ལེགས་སྒྲིག་མ་བྱས་གོང་ལས་ཐེངས་གྲངས་ཆ་༢༢༦.༥མང་དུ་ཕྱིན་ཡོད་པ་རེད། ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཀྲོའུ་ཤར་ཚུགས་ནས་ནན་ཁྲང་ནུབ་ཚུགས་བར་དང་ཁྲང་ཧྲ་ལྷོ་ཚུགས་ནས་ཤིན་ཧོང་ནུབ་ཚུགས་བར་དང་། ལན་ཤིན་མྱུར་བགྲོད་ལྕགས་ལམ། ཁྲེང་ཏུའུ་དང་། མན་དབྱང་། ལེ་ཧྲན་བཅས་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་མེ་འཁོར། ཆིང་རུང་གྲོང་ཁྱེར་དབར། ནན་ཅིང་ནས་ཀོང་ཀྲོའུ་བར་གྱི་ལམ་ཐིག ཀུའེ་ཀྲོའུ་ནས་ཀོང་ཀྲོའུ་བར་གྱི་འགྲུལ་སྐྱེལ་ཆེད་གཏོང་མེ་འཁོར། ཀྲེན་ཁའེ་གྲོང་ཁྱེར་དབར་སོགས་ཀྱི་མྱུར་བགྲོད་ལྕགས་ལམ་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་ཤུགས་འགྲེམས་མེ་འཁོར་གཏོང་ཚད་ཐེངས་གྲངས་ཆ་༡༥༥༦.༥ཟིན་གྱི་ཡོད་པ་རེད། མེ་འཁོར་ཤར་གཏོང་གི་ཁྱབ་ཁོངས་དེ་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་༢༨རྒྱ་སྐྱེད་བྱས་པ་དེའི་ནང་ཀན་སུའུ་དང་། ཀུའེ་ཀྲོའུ། མཚོ་སྔོན། ནང་སོག་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིར་ཤུགས་འགྲེམས་མེ་འཁོར་ཐོག་མར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
         འཆར་གཞི་ལེགས་སྒྲིག་བྱས་རྗེས་མྱུར་ཚད་སྤྱིར་བཏང་གི་འགྲུལ་སྐྱེལ་མེ་འཁོར་གྱི་སྤུས་ཚད་སྔར་བས་ལེགས་སུ་འགྲོ་རྒྱུ་ཡིན་ཞིང་། ལྕགས་ལམ་ཅུས་ལས་བརྒལ་བའི་མྱུར་ཚད་སྤྱིར་བཏང་གི་འགྲུལ་སྐྱེལ་མེ་འཁོར་ཆ་༡༧མང་དུ་བཏང་བ་དང་མྱུར་ཚད་སྤྱིར་བཏང་གི་མེ་འཁོར་ཆ་༢༣གྱི་ལམ་མཚམས་དང་མྱུར་ཚད་སྤྱིར་བཏང་གི་འགྲུལ་སྐྱེལ་མེ་འཁོར་ཆ་༤༧.༥ཡི་ལམ་བུ་བཟང་སྒྲིག་དང་ལེགས་སྒྲིག་བྱས་ནས་མྱུར་ཚད་སྤྱིར་བཏང་གི་འགྲུལ་སྐྱེལ་མེ་འཁོར་ཁག་གཅིག་དྲོད་གྲང་སྙོམས་སྒྲིག་གི་མེ་འཁོར་གསར་པར་བརྗེས་པས་རྒྱ་ཆེའི་འགྲུལ་པ་རྣམས་མེ་འཁོར་སྡོད་པའི་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་རྒྱུ་དང་ཕྱིར་སྐྱོད་པར་སྔར་བས་སྟབས་བདེ་རུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།